འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་15ཉིན།

༄༅།།“སོ་ཕག་བཟོ་གྲྭས་ཁྲིམས་དང་འགལ་ཏེ་དབང་པོ་སྐྱོན་ཅན་པར་ལས་ཀ་བསྐུལ་ཚུལ་”
ཧུའུ་ནན་ལིང་ཧྲུའེ་ཅང་གིས་བརྡ་ཁྱབ་བཏང་དོན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་15ཉིན། 14:56】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་9ཚེས་13ཉིན་གྱི་ཆུ་ཚོད་17ཙམ་ལ། དྲ་གྲོགས་ཤིག་གིས་ཧུའུ་ནན་ལིང་ཧྲུའེ་ཅང་གྲོང་ཁྱེར་ཏུའོ་ཧྲན་གྲོང་རྡལ་མིང་ཧོན་སོ་ཕག་བཟོ་གྲྭས་དབང་པོ་སྐྱོན་ཅན་པར་ཁྲིམས་དང་འགལ་ཏེ་ལས་ཀ་བྱེད་དུ་བཅུག་ཚུལ་སྙན་གསེང་ཞུས་པར། ལིང་ཧྲུའེ་ཅང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མཐོང་ཧ་ཅང་ཆེན་པོར་བྱས་ཏེ་འཕྲལ་མར་སྤྱི་བདེ་དང་། མི་དོན། དབང་པོ་སྐྱོན་ཅན་པའི་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་ལས་གྲུབ་པའི་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་ཞིབ་བཤེར་བྱེད་པར་མངགས་པ་རེད། ད་ཆ་ཁེ་ལས་ཀྱི་འགན་འཁུར་བ་ཁྲིམས་ལྟར་ཚོད་འཛིན་བྱས་པ་མ་ཟད། ཁེ་ལས་ཀྱི་གཉེར་སྐྱོང་དང་ལས་མི་སྤྱོད་པའི་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ་འབྲེལ་ཡོད་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་བརྟག་དཔྱད་བྱས་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།