གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་15ཉིན། 14:55】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་14ཉིན་གྱི་ཆུ་ཚོད་11ཙམ་ལ་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ནེ་པ་ལའི་གནས་སྐབས་སྲིད་གཞུང་གི་ཙུང་ལིའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་དང་། གསར་འགོད་པས། ཟླ་9ཚེས་12ཉིན་ནེ་པ་ལའི་དབུ་བཞུགས་ཁྲིམས་དཔོན་ཟུར་པ་སུའུ་ཤིས་ལྭ་·ཁར་ཅིས་གནས་སྐབས་སྲིད་གཞུང་གི་ཙུང་ལིའི་འགན་འཁུར་རྒྱུ་ཡིན་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་ཇི་འདྲ་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས།
ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཀྲུང་གོས་ལྕམ་ཁར་ཅི་ནེ་པ་ལའི་གནས་སྐབས་སྲིད་གཞུང་གི་ཙུང་ལིར་བསྐོ་བཞག་བྱས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན།
ཀྲུང་གོ་དང་ནེ་པ་ལའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན། ཀྲུང་གོས་ནེ་པ་ལའི་མི་དམངས་ཀྱི་རང་བདག་གི་འཕེལ་རྒྱས་ལམ་བུར་སྔར་ནས་བཟུང་བརྩི་འཇོག་བྱེད་བཞིན་ཡོད་པས་ནེ་པ་ལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་དང་། ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ནེ་པ་ལའི་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་བཤད་ཡོད་པ་རེད།