གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་15ཉིན། 14:46】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ལྷོ་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཁའ་དམག་གི་ཏ་ཞའོ་ཐེན་ཅུན་ལི་ཡིས། ཟླ་9ཚེས་12དང་13ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་འཐབ་ཁུལ་གྱིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་འཆར་ཅན་གྱི་སྐོར་གཡེང་བྱས་པར། ཧྥི་ལི་ཕིན་གྱིས་ཡུལ་ཕྱིའི་རྒྱལ་ཁབ་རྩ་འཛུགས་སྐོང་འགུགས་བྱས་ནས་“མཉམ་འབྲེལ་སྐོར་གཡེང་”ཟེར་བ་བྱས་ཏེ་ལྷོ་རྒྱ་མཚོའི་ཁྲིམས་འགལ་བསམ་འདུན་ཁྱབ་སྤེལ་བྱས་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་བཏང་ཡོད་པ་རེད། ང་ཚོས་ཧྥི་ལི་ཕིན་ཕྱོགས་ལ་ལྷོ་རྒྱ་མཚོར་དོན་རྐྱེན་སློང་བ་དང་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་གཏོང་རིགས་མཚམས་འཇོག་དགོས་པའི་ཐ་ཚིག་སྒྲོག་བཞིན་ཡོད་ལ། ཕྱི་རོལ་གྱི་སྟོབས་ཤུགས་ནང་འདྲེན་བྱས་པ་དེ་ནི་ངལ་བ་འབྲས་མེད་དུ་འགྱུར་ངེས་རེད། འཐབ་ཁུལ་གྱི་དཔུང་སྡེས་དོགས་ཟོན་ཆེན་པོ་རྒྱུན་སྲིང་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། ལྷོ་རྒྱ་མཚོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པས། ཟིང་ཆ་དང་རྙོག་འཛིང་བཟོ་བའི་རེ་ངན་གང་ཡང་འགྲུབ་མི་སྲིད་ཅེས་བརྗོད།