འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་13ཉིན།

༄༅། ། ཞི་ཅིན་ཕིང་གིས་ཀུའེ་ཡ་ནའི་ཙུང་ཐུང་ཨ་ལིར་ རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་13ཉིན། 10:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ལིར་གློག་འཕྲིན་བཏང་གནང་ནས་ཁོང་གིས་ཀུའེ་ཡ་ན་མཉམ་ལས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་མུ་མཐུད་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

     ཞི་ཅིན་ཕིང་གིས་ཀུའེ་ཡ་ན་ནི་ཅ་ལེ་པིའི་ས་ཁུལ་གྱི་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ཕྱི་འབྲེལ་བཙུགས་ནས་ལོ་53སོང་རིང་ཀྲུང་ཀུའེ་ཡི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཁྱབ་ཁོངས་ཁག་དབར་དངོས་སྒྲུབ་མཉམ་ལས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། ཕྱོགས་མང་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། 2023ལོའི་ཟླ་བ་བདུན་པར། ང་ཚོ་ཁྲེང་ཏུར་ཞལ་འཛོམས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ངོས་འཛིན་གཅིག་མཐུན་བྱུང་། ངས་ཙུང་ཐུང་ཨ་ལི་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་ནང་ཕྱོགས་གཉིས་པོའི་གཉིས་ཁེའི་མཛའ་མཐུན་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་ཀུའེ་ཡི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་ཕན་བདེ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།