གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་12ཉིན། 16:16】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
བོད་ཀྱི་ལྷ་མོ་ནི་ཁྱབ་རྒྱ་ཧ་ཅང་ཆེ་བའི་ཟློས་གར་གྱི་མ་ལག་ཅིག་ཡིན། མཚོ་བོད་ས་མཐོའི་ས་གནས་ཁག་གི་རང་བྱུང་གི་ཆ་རྐྱེན་དང་། འཚོ་བའི་གོམས་གཤིས། རིག་གནས་དང་གནའ་སྲོལ། ཡུལ་སྐད་དང་སྒྲ་མདངས་སོགས་མི་འདྲ་བའི་རྒྱུ་རྐྱེན་ལས། ས་གནས་སོ་སོར་སྒྱུ་རྩལ་གྱི་སྟངས་སྟབས་སོ་སོར་དབྱེ་བའི་ལྷ་མོའི་གྲུབ་མཐའ་མི་འདྲ་བར་ཆགས་ཡོད།
2006ལོར་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས་》ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ་རེད།
ལྷ་མོ་ནི་གཞས་གཏོང་རྒྱུ་གཙོ་བོར་བྱས་ཏེ། གཞས་གཏོང་བ་དང་། ངག་སྒྲོག་པ། བྲོ་འཁྲབ་པ། རྩལ་གཡུགས་པ་སོགས་གཞི་རྩར་བྱས་ནས་གཏམ་རྒྱུད་དང་ལྷ་སྒྲུང་སོགས་གི་ཤུལ་རྗེས་སྟོན་པའི་འཚོ་བ་ཅན་གྱི་འཁྲབ་སྟོན་ཞིག་ཡིན། དེ་ཉིད་གངས་ལྗོངས་ས་མཐོར་ལོ་ངོ་སྟོང་ཕྲག་རིང་དར་ཁྱབ་དང་རྒྱུན་སྤེལ་བྱུང་ལ། ད་ཆའང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།