ཕབ་ཆ་དམའ་ཤོས་ནི་ཁྱབ་བསྒྲགས་བྱས་པའི་སྤ་སེའི་རིན་གོང་གི་བཅུ་ཆ་བཞི་ཡིན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་10ཉིན། 14:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་བྱིས་པ་དང་། དབང་པོ་སྐྱོན་ཅན་དམག་མི། དབང་པོ་སྐྱོན་ཅན་མི་དམངས་ཉེན་རྟོག་པ། དབང་པོ་སྐྱོན་ཅན་མེ་གསོད་རོགས་སྐྱོབ་མི་སྣ་སོགས་ཀྱི་སྤ་སེ་ཉོ་བའི་གཟིགས་སྐྱོང་བྱེད་ཐབས་སྔར་བས་ལེགས་སུ་བཏང་ནས་གཟིགས་སྐྱོང་སྤ་སེ་ཚེས་6ཉིན་ནས་འཚོང་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
བྱིས་པའི་སྤ་སེའི་ཐད་ལྕགས་ལམ་གྱི་འགྲུལ་པ་སྐྱེལ་འདྲེན་སྒྲིག་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལོ་ཧྲིལ་པོ་6ནས་14བར་གྱི་བྱིས་པས་བྱིས་པའི་གཟིགས་སྐྱོང་སྤ་སེ་ཉོ་ཆོག་པ་དང་། སྤ་སེ་ཡོད་པའི་འགྲུལ་པ་དར་མ་མི་རེས་ལོ་ཧྲིལ་པོ་6ལ་མ་སླེབས་པ་མ་ཟད། རྐུབ་བཀྱག་ཁེར་རྐྱང་དུ་མི་བཟུང་བའི་བྱིས་པ་རེ་རིན་མེད་ངང་མེ་འཁོར་ནང་འཁྲིད་ཆོག་པ་དང་གཅིག་ལས་བརྒལ་ཚེ་བྱིས་པའི་གཟིགས་སྐྱོང་སྤ་སེ་ཉོ་དགོས། རིན་མེད་ངང་མེ་འཁོར་ནང་སྡོད་པའི་བྱིས་པས་རྐུབ་བཀྱག་ཁེར་རྐྱང་དུ་བཟུང་ཚེ་བྱིས་པའི་གཟིགས་སྐྱོང་སྤ་སེ་ཉོ་དགོས་པ་རེད།
གཟིགས་སྐྱོང་བྱེད་ཐབས་ལེགས་སྒྲིག་བྱས་རྗེས། ཤུགས་འགྲེམས་མེ་འཁོར་གྱི་བྱིས་པའི་གཟིགས་སྐྱོང་སྤ་སེ་ལ་རྐུབ་བཀྱག་གཞིར་བཟུང་དེ་མཚུངས་ཀྱི་སྤ་སེའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པ་དང་། རྐུབ་བཀྱག་རིམ་པ་གཉིས་པ་དང་རིམ་པ་དང་པོར“སྤ་སེའི་རིན་གོང་གི་བཅུ་ཆ་ལྔ་གཅོག་པའི”ཐོག་ནས་རིན་གོང་བརྩི་རྒྱུ། དམིགས་བསལ་རིམ་པ་དང་། ལེགས་འདེམས་རིམ་པ་དང་པོ། ཚོད་དོན་རྐུབ་བཀྱག་བཅས་ལ“སྤ་སེའི་རིན་གོང་གི་བཅུ་ཆ་གཉིས་གཅོག་པའི”ཐོག་ནས་རིན་གོང་བརྩི་རྒྱུ། ཤུགས་འགྲེམས་མེ་འཁོར་གྱི་ཉལ་ཁྲིར(ཉལ་ཁྲི་རིམ་པ་གཉིས་པ་དང་། རིམ་པ་དང་པོ། ཤུགས་འགྲེམས་མེ་འཁོར་གྱི་ཉལ་ཁྲི། མཐོ་རིམ་ཤུགས་འགྲེམས་མེ་འཁོར་གྱི་ཉལ་ཁྲི)སོགས་ལ“སྤ་སེའི་རིན་གོང་གི་བཅུ་ཆ་གསུམ་གཅོག་པའི”ཐོག་ནས་རིན་གོང་བརྩི་རྒྱུ། ཕབ་ཆ་དམའ་ཤོས་ནི་ཁྱབ་བསྒྲགས་བྱས་པའི་སྤ་སེའི་རིན་གོང་གི་བཅུ་ཆ་བཞི་ཡིན་པ་རེད།
གཞན་ཡང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་དམག་མིའི་ལག་ཁྱེར་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་མི་དམངས་ཉེན་རྟོག་པའི་ལག་ཁྱེར། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་སྡེའི་དབང་པོ་སྐྱོན་ཅན་མི་སྣའི་ལག་ཁྱེར་བཅས་ཡོད་མཁན་གྱིས་ལག་ཁྱེར་གཞིར་བཟུང་གཟིགས་སྐྱོང་སྤ་སེ་ཉོ་ཆོག་པ་དང་། ཤུགས་འགྲེམས་མེ་འཁོར་གྱི་རྐུབ་བཀྱག་གི་གཟིགས་སྐྱོང་སྤ་སེའི་རིན་གོང“སྤ་སེའི་རིན་གོང་གི་བཅུ་ཆ་ལྔ་གཅོག་པའི”ཐོག་ནས་རྩིས་རྒྱག་རྒྱུ་དང་ཕབ་ཆ་དམའ་ཤོས་ནི་ཁྱབ་བསྒྲཌ་བྱས་པའི་སྤ་སེའི་རིན་གོང་གི་བཅུ་ཆ་བཞི་རེད།