འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་10ཉིན།

༄༅།།ཀྲུང་གོའི་ཟློས་གར་དུས་ཆེན་སྐབས་བཅུ་དགུ་པ་ཀྲེ་ཅང་ཧང་ཀྲོའུ་རུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་10ཉིན། 14:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན་གྱི་དགོང་མོར་ཀྲུང་གོའི་ཟློས་གར་དུས་ཆེན་སྐབས་བཅུ་དགུ་པ་ཀྲེ་ཅང་ཧང་ཀྲོའུ་རུ་འགོ་ཚུགས་པ་རེད། ཧང་ཀྲོའུ་གཏམ་བརྗོད་ཟློས་གར་སྒྱུ་རྩལ་ལྟེ་གནས་ཀྱིས་འཁྲབ་སྟོན་བྱས་པའི་གཏམ་བརྗོད་ཟློས་གར《བྱང་ཕྱོགས་སུ་སྐྱོད་པ》ཞེས་པ་སྐབས་འདིའི་ཟློས་གར་དུས་ཆེན་གྱི་ཐོག་མའི་ལེ་ཚན་དུ་བྱས་ཏེ་ཧང་ཀྲོའུ་ཅིན་ཧྲ་མཚེའུ་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ་རེད།

     སྐབས་འདིའི་ཟློས་གར་དུས་ཆེན་ནི་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཧང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་ཞིང་། ཟླ་9ཚེས་25ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་རེད། ཟློས་གར་དུས་ཆེན་རིང་གཏམ་བརྗོད་ཟློས་གར་དང་། གླུ་གར། བྲོ་གར། རོལ་དབྱངས་ཟློས་གར། དགོད་བྲོའི་ཟློས་གར། ཤིང་བཟོས་འདྲ་གཟུགས་ཀྱི་ཟློས་གར་སོགས་ཟློས་གར་སྒྱུ་རྩལ་རིགས་མི་འདྲ་བ་20ཚུད་པའི་ཕུལ་བྱུང་ཟློས་གར་30ཧང་ཀྲོའུ་ཡི་ཟློས་གར་ཁང་ཁག་ཏུ་འཁྲབ་སྟོན་བྱ་རྒྱུ་མ་ཟད། ད་དུང་ཟློས་གར་12དབུན་ཀྲོའུ་རུ་དུས་མཉམ་དུ་འཁྲབ་སྟོན་བྱ་རྒྱུ་རེད།

     ཟློས་གར་དུས་ཆེན་གྱིས“ཟློས་གར་གཅིག་ལ་དཔྱད་བརྗོད་གཅིག”དང“འཁྲབ་ཚན་གཅིག་ལ་ངོ་སྤྲོད་གཅིག”སོགས་ཀྱི་སྲོལ་རྒྱུན་བྱེད་སྒོའི་རྒྱུན་མཐུད་པ་མ་ཟད། ད་དུང་མཇུག་སྒྲིལ་མཛད་སྒོར“ཀྲུང་གོའི་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚེ་གང་གི་བྱས་རྗེས་བྱ་དགའ(ཟློས་གར)”ཡི་གཟེངས་བསྟོད་མཛད་སྒོ་ཡང་འཚོག་རྒྱུ་རེད།