འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་9ཉིན།

༄༅།།ཀྲང་ཀེང་ཧྲེང་ལ་གཞུང་གཏུག་བྱས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་09ཉིན། 13:35】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཚེས་8ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་དོན། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཨུ་ཡོན་དང་དངུལ་ཁང་གི་འགོ་འཛིན་གཞོན་པ་ཟུར་བ་ཀྲང་ཀེང་ཧྲེང་ལ་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་དངུལ་བུན་བཏང་བའི་དོགས་གཞི་ཡོད་པའི་གྱོད་དོན་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་འགྲིལ་བ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བྱས་པ་བརྒྱུད་ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱས་པ་དང་། ཉེ་ཆར་ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད།

      ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཞུ་གཏུག་བྱེད་རིམ་ཁྲོད་དུ་ཞུ་སྦྱོར་ཕྱི་མ་བ་ཀྲང་ཀེང་ཧྲེང་གིས་ལོངས་སུ་སྤྱོད་རྒྱུ་ཡོད་པའི་གཏུག་བཤེར་དབང་ཆ་ཁྲིམས་ལྟར་ཤེས་སུ་བཅུག་པ་མ་ཟད། ཞུ་སྦྱོར་ཕྱི་མ་བར་འདྲི་རྩད་བྱས་ཤིང་དག་འབུད་བྱེད་མཁན་གྱི་བསམ་འཆར་ཡང་ཉན་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་འདོན་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་བ་ཀྲང་ཀེང་ཧྲེང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཚོགས་ཁག་གི་ཚོང་འགྲུལ་པུའུ་(ཚོང་གཉེར་པུའུ་)ཡི་སྤྱི་ཁྱབ་ཅིང་ལི་དང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཨུ་ཡོན་དང་དངུལ་ཁང་གི་འགོ་འཛིན་གཞོན་པ་སོགས་ཀྱི་གོ་གནས་ཐོག་གི་སྟབས་བདེ་སྤྱད་དེ་འབྲེལ་ཡོད་སྡེ་ཁག་དང་མི་སྒེར་ལ་ཁེ་ཕན་བསྒྲུབས་པ་དང་། ཁྲིམས་འགལ་གྱིས་མི་གཞན་གྱི་རྒྱུ་དངོས་བླངས་པ་དང་གྲངས་འབོར་ཧ་ཅང་ཆེ། ཞུ་སྦྱོར་ཕྱི་མ་བ་ཀྲང་ཀེང་ཧྲེང་དངུལ་ཁང་གི་ལས་བྱེད་མི་སྣ་ཡིན་པའི་ཆ་ནས་རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ཏེ་དངུལ་བུན་བཏང་བའི་གྲངས་འབོར་ཧ་ཅང་ཆེ་བ་མ་ཟད་གྱོང་གུན་ཧ་ཅང་ཚབས་ཆེན་བཟོས་ཡོད་པས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་བྱས་ཉེས་དང་ཁྲིམས་འགལ་གྱིས་དངུལ་བུན་བཏང་བའི་བྱས་ཉེས་ཀྱི་ཉེས་འགན་བདའ་འདེད་བྱ་རྒྱུ་ཡིན།