གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་09ཉིན། 13:02】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་9ཚེས་8ཉིན། སི་ཁྲོན་གནམ་ཐང་སྤྱི་བདེས་ཉེན་བརྡའི་ཁྱབ་བཏང་ནས་ཉེ་དུས་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སུ་ཁྱབ་པའི་“གནམ་གྲུའི་ནང་མེ་ཆ་སྤར་བའི་”འབྲེལ་ཡོད་བརྙན་ཐུང་ཞིག་ཁྱབ་པའི་གནད་དོན་བརྟག་དཔྱད་བྱས་འབྲས་དང་ཐག་གཅོད་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།
བརྡ་ཁྱབ་ལས་མངོན་པར། ཉེ་ཆར་དྲ་དམངས་ཞིག་གིས་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ཐོག་“གནམ་གྲུའི་ནང་མེ་ཆ་སྤར་ནས་ཐེངས་མང་གནམ་གྲུར་བསྡད་པ་”ཞེས་བྲིས་པའི་བརྙན་ཐུང་ཞིག་བཏང་བར་དྲ་ཐོག་དུ་མི་མང་པོས་དོ་ཁུར་བྱས་ཡོད། བརྟག་དཔྱད་བྱས་པ་བརྒྱུད། དོགས་ཡོད་མི་སྣ་ཁྲེ་ཆེ་གེ་མོས་(བུད་མེད། ལོ་34)2025ལོའི་ཟླ་9ཚེས་6ཉིན་རྒྱལ་སྤྱིའི་དུས་གཏན་གནམ་གྲུར་བསྡད་དེ་སིང་ཀ་ཕོར་གྱི་ཀྲང་དབྱི་གནམ་ཐང་ནས་ཁྲེང་ཏུའི་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་དུ་བསྐྱོད་པ་དང་། གནམ་གྲུ་འཕུར་རིང་། ཁྲེ་ཆེ་གེ་མོས་དྲ་ཐོག་དུ་མི་མང་པོས་དོ་ཁུར་ཡོང་ཆེད་སྡོད་གནས་སུ་ལག་འཁྱེར་གྱི་མེ་ཆ་སྤར་བ་དང་པར་ཡང་ཕབ་ལེན་བྱས་ཡོད་པ་རེད།
གནམ་གྲུ་ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་རྗེས། ཁྲེ་ཆེ་གེ་མོས་བརྙན་རིས་དང་ཡི་གེ་མཉམ་སྒྲིག་བྱས་ནས། བརྙན་རིས་བསྐུར་གནས་ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་དུ་གཏན་འཁེལ་རྗེས་སྤྱི་འབྲེལ་སྟེགས་བུར་ཁྱབ་བསྒྲགས་བྱས་པ་རེད།
དེ་ལས་རྩད་གཅོད་ཇེ་གསལ་བྱས་པ་བརྒྱུད། ཁྲེ་ཆེ་གེ་མོ་འདི་ལོའི་ནང་རྒྱལ་ནང་གི་གནམ་གྲུའི་ལས་སྟེགས་ཐོག་བསྐྱོད་མྱོང་མེད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཁྲེ་མོའོ་ཆེ་གེ་མོའི་སྤྱོད་ཚུལ་ལ་རྒྱུ་མཚན་མེད་པའི་ཉེས་པ་བགྲང་པ་དང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲེ་མོའོ་ཆེ་གེ་མོའི་བྱེད་སྤྱོད་ཉེས་གསོག་གྱོད་གཞིར་རྩིས་ནས་སྲིད་འཛིན་བཀག་ཉར་བྱ་རྒྱུའི་ཆོག་མཆན་བཀོད་པ་རེད།