ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་གྲངས་གཞི“གནས་གཅིག་ཏུ་ཁྱབ་བསྒྲཌ་བྱས་ན་ས་ཁོངས་ཡོངས་ནས་མཐོང་ཐུབ་པ”མངོན་འགྱུར་བྱུང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་09ཉིན། 09:58】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གྲངས་གཞི་ཅུས་ནས་ཤེས་རྟོགས་བྱས་པར། ལོ་གཅིག་རིང་། རྒྱལ་ཁབ་ཀྱི་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རྒྱས་ཡག་པོ་བྱུང་ནས། གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་འདོན་རྒྱུ་དམིགས་ཚད་དང་། དྲ་རྒྱ་འདེགས་སྐྱོར་དུ་བྱེད་པ། རྩིས་ནུས་རྨང་གཞིར་བྱེད་པ། གྲངས་གཞིའི་འཁོར་རྒྱུག་བེད་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་གསར་པ་རིམ་བཞིན་ཆགས་ཡོད།
《རྒྱལ་ཁབ་ཀྱི་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཁྲིད་སྟོན》ཡོངས་བསྒྲགས་བྱས་ནས་རྒྱལ་ཁབ་ཀྱི་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་ཀྱི་གོ་དོན་གསལ་པོ་བཏོན་ཏེ“གོམ་སྟབས་གསུམ”གྱི་སྐུལ་འདེད་བསམ་ཕྱོགས་གཏན་འཁེལ་བྱས་ཡོད།
རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་18སྒྲིག་འཛུགས་བྱས་ནས་ཡིད་རྟོན་རུང་བའི་གྲངས་གཞིའི་བར་མཐོངས་དང་གྲངས་སྟེགས་སོགས་ལག་རྩལ་ལས་རིམ་ཁག་6སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་ཡོད། ས་གནས་ཁག་གི་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་གཏོང་ཆེད་རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་ཁྱོན་ཡོངས་ཀྱི་བྱེད་ནུས་ལྷུ་ཚིགས་དང་། ས་ཁོངས་ཀྱི་བྱེད་ནུས་ལྷུ་ཚིགས། གྲོང་ཁྱེར་གྱི་ལས་སྒོའི་ལྷུ་ཚིགས་བཅས་རིམ་གསུམ་གྱི་ལག་རྩལ་སྒྲོམ་གཞི་བཙུགས་པ་དང་། ས་ཁོངས་བྱེད་ནུས་ལྷུ་ཚིགས་7བཀོད་སྒྲིག་བྱས་པ། གྲོང་ཁྱེར་གྱི་ལས་སྒོའི་ལྷུ་ཚིགས་25བསྐྲུན་པ་བཅས་བྱས་པས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)16ལ་ཁྱབ་པའི་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་ཀྱི་སྒྲོམ་གཞི་གཙོ་བོ་རགས་ཙམ་འཛུགས་ཐུབ་པ་དང་། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་གྲངས་གཞི“གནས་གཅིག་ཏུ་ཁྱབ་བསྒྲགས་བྱས་ན་ས་ཁོངས་ཡོངས་ནས་མཐོང་ཐུབ་པ”དང་། “གནས་གཅིག་ཏུ་བཀོད་སྒྲིག་བྱས་ན་ས་ཁོངས་སྒྲོལ་ནས་སྤྱོད་ཐུབ་པ”མངོན་འགྱུར་བྱུང་ཡོད། སྔོན་དཔག་བྱས་ན། ད་ལོའི་ལོ་མཇུག་ཏུ་གྲོང་ཁྱེར་གྱི་ལས་སྒོའི་ལྷུ་ཚིགས་ཀྱི་གཞི་ཁྱོན་50ཡས་མས་སུ་སྔར་བས་རྒྱ་སྐྱེད་བཏང་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)80%ལ་ཁྱབ་རྒྱུ་རེད།