འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་5ཉིན།

༄༅།།ཡུན་ནན་གྱི་སྣ་མང་རང་བཞིན་གྱི་ཡུལ་སྐོར་ལ་མི་རྣམས་ཧང་སངས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་05ཉིན། 13:31】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཡུན་ནན་ཞིང་ཆེན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་39.4ཡོད་པ་དང་། དེར་འབར་མ་དང་། ཝེ་ཐེ་ནམ། ལོ་སི་བཅས་དང་ས་འབྲེལ་ཡིན་པའི་ཚ་ཁུལ་ཆར་ནགས་དང་དེ་བཞིན་འབྲས་ཞིང་ནས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་མཛེས་ལྗོངས་ཁུལ་མང་བའི་ཧི་མ་ལ་ཡའི་རི་འདབས་བར་ཚུད་ཡོད་པ་རེད། གཞན་ཡང་ཡུན་ནན་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་མང་ཤོས་ཀྱི་ཞིང་ཆེན་ཞིག་ཀྱང་རེད།

     ཡུན་ནན་གྱི་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཡུལ་སྐོར་ལ་བསྐྱོད་ཚེ། ས་ཚིགས་དང་པོ་དེ་ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཀྲོའུ་ཡོན་དབྱང་རྫོང་གི་སྐས་ཞིང་དུ་སླེབས་པ་དང་། ཡོན་དབྱང་ནས་བྱང་ཕྱོགས་སུ་ཆུ་ཚོད་2ཙམ་བསྐྱོད་ན་ཅན་ཧྲུའེ་རྫོང་དུ་སླེབས་པ། ས་ཚིགས་རྗེས་མ་དེ་ཁུན་མིང་གྲོང་ཁྱེར་གྱི་ཀེར་ལངས་རྡོ་ཚོགས་མཛེས་ལྗོངས་ཁུལ་དུ་སླེབས་ཀྱི་ཡོད། ཁུན་མིང་དུ་ཞག་མ་གཅིག་བསྡད་རྗེས། ཉིན་གཉིས་པར་མྱུར་བགྲོད་མེ་འཁོར་ལ་བསྡད་ན་ཏ་ལི་གྲོང་ཁྱེར་དུ་སླེབས་པ་དང་། ས་ཚིགས་རྗེས་མ་ས་དམ་གྲོང་ཁྱེར་དུ་སླེབས། མཐར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འབྱོར་ནས་འགྲུལ་བཞུད་དེ་མཇུག་འགྲིལ་གྱི་ཡོད། ཆ་སྙོམས་ས་བབ་སྨི་3000ལྷག་ཙམ་ཡོད་པའི་གྲོང་ཁྱེར་འདི་ནི་ཡུན་ནན་ནས་ཧི་མ་ལ་ཡའི་ས་ཁུལ་དུ་སྐྱོད་པའི་སྒོ་མོ་ཞིག་རེད། མཛེས་སྡུག་ལྡན་པ་དང་ངོ་མཚར་ཆེ་ལ་རིག་གནས་ཀྱི་རྨང་གཞི་ཕུན་སུམ་ཚོགས་པའི་གྲོང་ཁྱེར་འདིས་ཡུལ་སྐོར་བ་རྣམས་ལ་ཚ་ཁུལ་ཆར་ནགས་ནས་འགོ་བཙུགས་ཏེ་མཐར་མཚོ་བོད་ས་མཐོར་མཇུག་འགྲིལ་བའི་སྣ་མང་དང་ཐུན་མོང་མ་ཡིན་པའི་ཡུན་ནན་གྱི་འགྲུལ་བཞུད་ཅིག་ཡོང་རྒྱུ་རེད།

—— སི་ཕེན་གྱི《རྒྱལ་ཁབ་ཚགས་པར》དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ།