འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་3ཉིན།

༄༅།།སྐར་ལྔའི་དར་དམར་གནམ་བདེ་སྒོ་མོ་ཆེར་དལ་གྱིས་བསྒྲེངས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་03ཉིན། 13:42】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་9ཚེས་3ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད།

    གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བརྗིད་ཉམས་ལྡན་པའི་《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་》ཞེས་པའི་གླུ་དབྱངས་དྲག་པོར་དཀྲོལ།

    མེ་སྒྱོགས་ཀྱི་སྒྲ་དང་བསྟུན་ནས་རྒྱལ་དར་སྲུང་སྐྱོབ་རུ་ཁག་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ནས་སྐར་ལྔའི་དར་དམར་བསྒྲེང་སའི་གནས་སུ་བསྐྱོད། དཔའ་བོ་གྲངས་མེད་ཀྱིས་ཁྲག་བཏོན་དམར་འཛིང་གི་འཐབ་མོར་བརྟེན་ཏེ་རྒྱལ་སྲིད་བདེན་དཔང་དུ་བྱས་ནས་རླབས་ཆེན་གྱི་རྒྱལ་ཁར་གུས་འདུད་ཞུས།