གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་02ཉིན། 14:41】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་29ཉིན་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་གིས་བཙོན་པ་13920ཙམ་རྒྱལ་སྟོན་ལ་དམིགས་བསལ་བཙོན་འགྲོལ་གཏོང་རྒྱུའི་གྲོས་ཆོད་ལ་མིང་རྟགས་བཀོད་པ་རེད། འདི་ལོའི་ཟླ་4ཚེས་30ཉིན། ཝེ་ཐེ་ནམ་ལྷོ་ཕྱོགས་བཅིངས་འགྲོལ་བཏང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་དྲན་གསོ་ཞུ་བའི་དུས་མཚམས་སུ་བཙོན་པ་8000ལྷག་ཙམ་དམིགས་བསལ་གྱི་བཙོན་འགྲོལ་ཐོབ་ཡོད། 2025ལོ་ནི་ཝེ་ཐེ་ནམ་གྱི་ལོ་འཁོར་ཁེར་རྐྱང་ནང་དམིགས་བསལ་བཙོན་འགྲོལ་བཏང་མི་གྲངས་འབོར་མང་ཤོས་ཀྱི་ལོ་ཞིག་ཏུ་གྱུར་ཡོད།
ཝེ་ཐེ་ནམ་རྒྱལ་ཁབ་བཙུགས་པའི་ལོ་80རིང་། དམིགས་བསལ་བཙོན་འགྲོལ་གཏོང་ཐེངས་40བྱེད་མྱོང་བ་དང་། 2009ལོ་ནས་བཟུང་ཝེ་ཐེ་ནམ་གྱིས་དམིགས་བསལ་བཙོན་འགྲོལ་གཏོང་ཐེངས་11བྱས་ནས་བཙོན་པ་ཁྲི་10ཙམ་ཟིན་ཡོད་པ་རེད།