འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་3ཉིན།

༄༅།།རྒྱ་གར་གྱི་ཙུང་ལི་ཡིས་རྩོམ་སྤེལ་ནས་ཀྲུང་གོར་བཀའ་དྲིན་ཞུས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་02ཉིན། 14:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་9ཚེས་1ཉིན། རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་Xཐོག་རྩོམ་ཡིག་སྤེལ་ནས། ཀྲུང་གོ་ཕྱོགས་ཀྱིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་སྒྲིག་འཛུགས་བྱས་པ་དང་འབྲེལ་གཉེར་བ་ལ་ཐུགས་རྗེ་ཆེ་ཞུས་ཡོད།

    མོ་ཏི་ཡིས“ཀྲུང་གོར་ཕན་འབྲས་ལྡན་པའི་འཚམས་འདྲི་མཇུག་འགྲིལ་ཞིང་། དེའི་རིང་ང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་འཛམ་གླིང་གི་འགོ་ཁྲིད་མང་པོ་དང་སྤེལ་རེས་བྱས་པ་ཡིན། ད་དུང་གོ་ལ་ཧྲིལ་པོའི་འགག་རྩའི་གྲོས་གཞིའི་ཐད་རྒྱ་གར་གྱི་ལངས་ཕྱོགས་རྒྱས་བཤད་བྱས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་། དེ་་བཞིན་མི་དམངས་བཅས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་སྒྲིག་འཛུགས་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་འདུག

    2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཟླ་8ཚེས་31ཉིན་ནས་ཟླ་9ཚེས་1ཉིན་བར་ཐེན་ཅིན་དུ་འཚོགས་པ་རེད། འདི་ནི་་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་གཙོ་གཉེར་ཐེངས་ལྔ་པ་ཡིན་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་དབུ་ཚོགས་སྐབས་ཤིག་ཀྱང་རེད།