གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་02ཉིན། 14:25】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
གསར་འགོད་པས་ཚེས་30ཉིན་ལྷ་སའི་ཕྱི་འབྲེལ་འགག་སྒོ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བདུན་པ་བར་བོད་ལྗོངས་ཀྱིས་ནེ་པ་ལར་ཕྱིར་ཚོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་25.78ཟིན་པ་དེ་ན་ནིང་དུས་མཚུངས་ལས་24.4%འཕར་་ཡོད། དེའི་ནང་ཕྱིར་ཚོང་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་10.15ཟིན་པ་དེ་ན་ནིང་དུས་མཚུངས་ལས་17.6%འཕར་བ་དང་ནང་འདྲེན་བྱས་པའི་གཟན་ཆག་གི་ཚོང་དོན་ཏུན་1104.3ཟིན་པ་དེས་ཚོང་དོན་རིན་ཐང་ཁྲི་79ཙམ་ཟིན་པ་དེ་ན་ནིང་དུས་མཚུངས་ལས་སོ་སོར་83.58%དང་84.68%འཕར་ཡོད་པ་རེད།
གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་འགག་སྒོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་ཁེངས་པའི་སྐྱེལ་འདྲེན་རླངས་འཁོར་H986ཞིབ་བཤེར་བརྟག་དཔྱད་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་འགྲོ་འོང་བྱེད་བཞིན་ཡོད། ནེ་པ་ལའི་ཁྲོམ་རས་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ཁ་ཕྱོགས་པའི་དགོས་མཁོ་ཆེན་པོ་ཡོད་པའི་ངོས་ནས་ལྷ་ས་ཕྱི་འབྲེལ་འགག་སྒོ་ལས་ཁུངས་ཀྱིས་“ཁེ་ལས་ཀྱིས་སྣེ་ཁྲིད་པ་དང་ཐོན་ལས་ཀྱིས་ནུས་རྒྱུ་སྤྲད་ནས་”ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ། “སྐམ་སའི་འགག་སྒོར་སྙན་ཞུ་འབུལ་བ་དང་། ཁོངས་གཏོགས་སུ་ཞིབ་བཤེར་བརྟག་དཔྱད་བྱེད་པ། འགག་སྒོར་ཐད་ཀར་གཏོང་བ་”སོགས་ཀྱི་འགག་སྒྲོལ་བྱེད་སྟངས་གསར་པ་གཏོད་དེ་“པ་སེ་གཅིག་ལ་བརྟེན་ནས་རླངས་འཁོར་མང་པོ་སྤྱོད་ཆོག་པ་དང་ཁུལ་འགག་མཉམ་འགུལ་”གྱི་ཕྱོགས་བསྡུས་ཀྱི་འགག་སྒོའི་དཔྱ་ཁྲལ་ཉར་གསོག་གི་ནུས་པ་ཆེ་རུ་གཏོང་བ་དང་།“ལྷོ་ཨ་ཤེ་ཡའི་དུས་གཏན་མེ་འཁོར་”བོད་ཀྱི་“འགག་རྩ་ཆེན་པོ་”ལམ་ལྷོངས་བྱུང་སྟེ་སྤྱིའི་ཟོག་འགྲེམས་ཀྱི་ཕན་འབྲས་50%མཐོ་རུ་འགྲོ་ཐུབ་པར་བྱ་རྒྱུ་ཡིན་པ་རེད།
གཟན་ཆག་ནང་འདྲེན་བྱེད་པའི་ཐད། ལྷ་ས་ཕྱི་འབྲེལ་འགག་སྒོ་ལས་ཁུངས་ཀྱིས་ནེ་པ་ལའི་འབྲེལ་ཡོད་ཁེ་ལས་ལ་“ཕྱོགས་ཡོངས་ནས་”ཞབས་འདེགས་ཞུས་ཏེ་རང་འགུལ་ངང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། གཟན་ཆག་ནང་འདྲེན་གྱི་“ཆེད་དོན་སྐྱོད་ལམ་”བཙུགས་པ་དང་འབྲེལ་ཡིག་རིགས་མ་བཏང་གོང་ཞིབ་བཤེར་དང་ཉིན་གང་གི་སྔོན་མངགས་འདུན་ཞུ། ཐད་ཀར་ནང་སར་དབོར་འདྲེན་བྱེད་པ་སོགས་ཀྱི་སྟབས་བདེ་ཅན་གྱི་བྱ་ཐབས་སྤྱད་པས་ཞིབ་བཤེར་བྱེད་ཡུན་80%ཙམ་ཐུང་དུ་ཕྱིན་ཡོད། ལྷ་སའི་ཕྱི་འབྲེལ་འགག་སྒོས་ནེ་པ་ལའི་འགག་སྒོ་དང་མཉམ་དུ་འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། རིམས་ནད་དང་རིམས་ནད་བྱུང་ཚུལ་མཉམ་དུ་འགོག་སྲུང་དང་ཚོད་འཛིན་བྱེད་པ། ཕྱིར་གཏོང་ནང་འདྲེན་ཚོང་ཟོག་གི་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་པའི་ཐད་མཐུན་སྦྱོར་མུ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་འབྲེལ་རྒྱལ་ནང་དུ་ཐོན་སྐྱེད་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་“གསར་པ་གསུམ་”ནེ་པ་ལའི་གསར་དར་ཁྲོམ་རར་མུ་མཐུད་མཁོ་འདོན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་འཚམས་འདྲིར་ཕེབས་རེས་གནང་བའི་གྲུབ་འབྲས་དོན་འཁྱོལ་གཏིང་ཟབ་བྱེད་ཆེད་ལྷ་ས་ཕྱི་འབྲེལ་འགག་སྒོ་ལས་ཁུངས་ཀྱིས་ཀྲུང་ནེའི་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་14སླར་གསོ་བྱས་ནས་འཁོར་རྒྱུག་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་། འགྲམ་དང་། སྐྱིད་རོང་། སྤུ་ཧྲེང་། ལེགས་རྩེ་བཅས་ཕྱི་འབྲེལ་འགག་སྒོ་སྔ་རྗེས་སུ་སླར་གསོ་བྱུང་བ་དང་འབྲེལ་རྒྱུན་གཏན་ལྟར་འཁོར་རྒྱུག་བྱེད་འགོ་ཚུགས་ཡོད། ལྷ་ས་ཕྱི་འབྲེལ་འགག་སྒོ་ལས་ཁུངས་ཀྱིས་ནེ་པ་ལའི་འགག་སྒོ་དང་རྒྱུན་མཐུད་ངང་མཉམ་ལས་བྱས་ནས་རྒྱལ་ནང་གི་ནེ་པ་ལའི་གསར་དར་ཁྲོམ་རར་རྒྱལ་ནང་གི་ནེ་པ་ལའི་རྒྱུ་ཆ་སྔར་བས་མཁོ་འདོན་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
གཞན་ཡང་། ནེ་པ་ལའི་གཟན་རྩྭ་དང་ཀྲུང་ལུགས་སྨན་རྩྭ་སོགས་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་མངོན་འགྱུར་བྱུང་ཡོད།
ལྷ་ས་ཕྱི་འབྲེལ་འགག་སྒོ་ལྟེ་བས་མུ་མཐུད་འགག་སྒོའི་རྒྱལ་སྒོ་སྲུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ལ་གཞི་ཚུགས་ནས། བོད་ཀྱི་གནས་བབ་དེ་ཨ་ཤེ་ཡ་ལྷོ་མར་ཕྱོགས་པའི་གལ་ཆེའི་བགྲོད་ལམ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་ཞབས་འདེགས་ཞུས་ཏེ། ཨ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་མཐོ་ས་གསར་པ་གཏོད་རོགས་བྱས་ནས་རང་རྒྱལ་དང་ནེ་པ་ལའི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་ནེ་བར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་འགག་སྒོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།