གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་22ཉིན། 15:00】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཉིང་ཁྲི་གྲོང་ཁྱེར་བྲག་ཡབ་ཆུས་ཀྱིས་གཙོ་གཉེར་བྱས་པའི་“ཀ་ལ་གྲོང་ཚོའི་གྲོང་མིའི་སྙིང་གཏམ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ལ་བཀའ་དྲིན་ཞུ། ཁྱིམ་གཞིས་གསར་པ་མཉམ་དུ་སྐྲུན་”ཞེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་དེ་ཉེ་ཆར་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་མཐུན་སྒྲིལ་ཐང་ཆེན་དུ་འཚོགས་པ་རེད།

“གཟི་བརྗིད་ལྡན་པའི་ལོ་ངོ་དྲུག་ཅུ། འཕུར་མཆོང་ལྟ་བུའི་གོང་འཕེལ་གྱི་མངའ་རིགས་གསར་པ། ”ཞེས་པའི་མངའ་རིས་ས་ཁུལ་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་བརྗོད་དོན་གཙོ་བོའི་མཚན་ཚོགས། ཉེ་ཆར་མངའ་རིས་ས་ཁུལ་ཟློས་གར་ཁང་དུ་སྤེལ་བ་རེད།