འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་7ཉིན།

༄༅།།ལོ་སྟོད་དུ་འཕྲུལ་ཆས་བཟོ་ལས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་9%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་07ཉིན། 10:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་སྟོད་དུ་འཕྲུལ་ཆས་བཟོ་ལས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་9%འཕར་ནས་རྒྱལ་ཡོངས་ཀྱི་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ལས་བརྒྱ་ཆའི་གྲངས་2.6དང་2ཀྱིས་མཐོ་བ་ཡོད། འཕྲུལ་ཆས་བཟོ་ལས་དང་འབྲེལ་བ་གཙོ་བོ་ཡོད་པའི་རྒྱལ་དམངས་དཔལ་འབྱོར་ལས་རིགས་ཆེ་གྲས་ལྔའི་འཕར་ཐང་ཚང་མ་དུས་མཚུངས་ལས་འཕར་བ་དང་། དེའི་ནང་རླངས་འཁོར་དང་གློག་ཤུགས་འཕྲུལ་ཆས་ལས་རིགས་ཀྱི་འཕར་ཚད་11.3%དང་12.2%སོ་སོར་ཟིན་ནས་འཕྲུལ་ཆས་བཟོ་ལས་འཕར་བར་སྣེ་ཁྲིད་ཐུབ་ཡོད།

      དཔལ་འབྱོར་ཕན་འབྲས་བརྟན་ཐོག་ལེགས་འཕེལ་བྱུང་ཞིང་། ལོ་སྟོད་དུ་འཕྲུལ་ཆས་བཟོ་ལས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་15.3ཟིན་པ་དེ་དུས་མཚུངས་ལས་7.8%འཕར་བ་དང་འཕར་ཚད་རྒྱལ་ཡོངས་བཟོ་ལས་ལས་བརྒྱ་ཆའི་གྲངས་5.3གྱིས་མཐོ་བ་ཡོད། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་7912.1བྱུང་བ་དེ་དུས་མཚུངས་ལས་9.4%འཕར་ཡོད།

      གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། ལོ་སྟོད་དུ། འཕྲུལ་ཆས་བཟོ་ལས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འབྲེལ་ཡོད་ལས་རིགས་ལ་ཁྱོན་བསྡོམས་ལས་གཉེར་ཡོང་འབབ་དང་ཁེ་སྤོགས་བསྡོམས་འབོར་འཕར་ཚད་འཕྲུལ་ཆས་བཟོ་ལས་ཡོངས་ལས་བརྒྱ་ཆའི་གྲངས་1.3དང་5.4འཕར་བ་དང་། འཕྲུལ་ཆས་བཟོ་ལས་ཁྲོད་བཟུང་བའི་བསྡུར་ཚད་82.8%དང་82.6%ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1དང་3.9འཕར་ཡོད།