གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་04ཉིན། 14:24】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་7ཚེས་27ཉིན་གྱི་ཆུ་ཚོད་0ནས་ཟླ་8ཚེས་2ཉིན་གྱི་ཆུ་ཚོད་24བར་ཀོང་ཏུང་ཞིང་ཆེན་ཡོངས་སུ་ཅི་ཁུང་ཁེན་ཡ་ཚ་བའི་ས་ནད་ཀྱི་ནད་དཔེ་2892ཐོན་པའི་སྙན་ཞུ་བྱས་པའི་ནང་ནད་གཞི་ལྕི་བ་དང་ཤི་བའི་ནད་དཔེ་མེད། ནད་དཔེ་དག་ལས་ཧྥོ་ཧྲན་དུ་2770དང་། ཀོང་ཀྲོའུ་རུ་65 ཏུང་ཀོན་དང་ཀྲུང་ཧྲན་སོ་སོར་11རེ་དང་། ཧྲེན་ཀྲེན་དང། ཅང་མོན། ཀྲའོ་ཆིང་བཅས་སོ་སོར་6རེ། མེ་ཀྲོའུ་ལ་5དང་། ཀྲུའུ་ཧའེ་དང་ཧུའེ་ཀྲོའུ་སོ་སོར་4རེ། ཁྲའོ་ཀྲོའུ་ལ་2 དབྱང་ཅང་དང་ཡུན་ཧྥུའུ་སོ་སོར་1རེ་བཅས་ཁྱབ་ཡོད།
ཆེད་ལས་མཁས་ཅན་གྱིས་དྲན་སྐུལ་བྱས་དོན་དུ། རིམས་ནད་མགྱོགས་མྱུར་འཕར་ཚུལ་བཀག་འགོག་རགས་ཙམ་ཡོད།
ནད་རིགས་མཆེད་ཚུལ་གང་མགྱོགས་བཀག་འགོག་བྱེད་ཆེད། གཟའ་འཁོར་འདིར་ཀོང་ཏུང་ཞིང་ཆེན་ཡོངས་ཀྱིས་དུས་ཡུན་གཟའ་འཁོར་གཅིག་གི་རིང་གཅིག་བསྡུས་ཐོག་དུག་སྦྲང་གསོད་དགོས་ཚུལ་གསུངས་འདུག
ཀོང་ཏུང་ཞིང་ཆེན་ནད་རིགས་ཚོད་འཛིན་ལྟེ་གནས་འགོས་ནད་སྔོན་འགོག་ཚོད་འཛིན་ཁང་གི་འགོ་འཛིན་དང་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ཁང་མེན་གྱིས། ད་ཆ་ཀོང་ཏུང་ཞིང་ཆེན་དུ་རིམས་ནད་མགྱོགས་མྱུར་འཕར་ཚུལ་བཀག་འགོག་རགས་ཙམ་ཐུབ་པ་དང་གཟའ་འཁོར་འདིར་ཀོང་ཏུང་ཞིང་ཆེན་ཡོངས་སུ་གསར་དུ་སྙན་སེང་ཞུས་པའི་ནད་དཔེ་གྲངས་འབོར་ཉུང་དུ་འགྲོ་བ་དང་ལྷག་པར་དུ་ལྟེ་བའི་ཁུལ་ཧྲུན་ཏེ་ཁུལ་དུ་སྙན་སེང་ཞུས་པའི་ནད་དཔེ་གྲངས་འབོར་བསྟུད་མར་ཉུང་དུ་འགྲོ་བཞིན་ཡོད།
འོན་ཀྱང་རྒྱལ་སྤྱིའི་ཅི་ཁུང་ཁེན་ཡ་ཚ་ནད་འབྱུང་མང་བ་དང་ཀོང་ཏུང་ཞིང་ཆེན་ནི་ཕྱི་ཕྱོགས་ལ་སྤེལ་རེས་མང་བས། ཕྱི་རྒྱལ་ནས་མཆེད་པའི་ཉེན་ཁ་མུ་མཐུད་དུ་གནས་པ། ཆུ་ལོག་དུས་སྐབས་སུ་རྒྱ་མཚོའི་རླུང་འཚུབ་དང་དྲག་ཆར་འབབ་པ་སོགས་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པས། དུག་སྦྲང་འཕེལ་ཤུགས་ཆེ་བས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྔར་བཞིན་རྙོག་འཛིང་ཆེ་ཞིང་ཛ་དྲག་གི་འགྲན་སློང་འཕྲད་ཡོད།