གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་04ཉིན། 13:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2024ལོར་རང་རྒྱལ་གྱི་གྲོ་དང་། ཆུ་འབྲས། མ་རྨོས་ལོ་ཏོག་བཅས་འབྲུ་རིགས་གཙོ་བོ་གསུམ་འཕྲུལ་བསྡུ་བྱེད་སྐབས་འཕྲོ་བརླག་འགྲོ་ཚད་0.93%དང་། 1.76% 2.06%བཅས་སོ་སོར་ཟིན་པ་དང་། 2022ལོ་ནས་2024ལོའི་བར་འབྲུ་རིགས་ཀྱི་འཕྲོ་བརླག་འགྲོ་ཚད་ཁྱོན་རྒྱ་མ་དུང་ཕྱུར་500ཉུང་དུ་ཕྱིན་ཡོད། འབྲུ་རིགས་གཙོ་བོ་གསུམ་གྱི་ནད་དང་གནོད་འབུའི་གནོད་འཚེ་ཕོག་ནས་དངོས་སུ་འཕྲོ་བརླག་འགྲོ་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་། འབྲུ་རིགས་ལས་སྣོན་བྱས་ནས་འཕྲོ་བརླག་འགྲོ་ཚད་1%ནང་ཚུན་དུ་དམའ་རུ་བཏང་ཡོད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་འཕྲོ་བརླག་འགྲོ་ཚད་ཉུང་དུ་གཏོང་བ་ནི་ཐོན་འབབ་མང་དུ་གཏོང་བའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཐོན་སྐྱེད་གཡོག་བྱེད་དང་། གེགས་འགོག་གེགས་སེལ། ལས་སྣོན་བེད་སྤྱོད། མཛོད་འཇུག་དབོར་འདྲེན། འཛད་སྤྱོད་ཁྲིད་སྟོན་སོགས་ཐད་ཤུགས་བརྒྱབ་པས་ཞིང་ནང་ནས་གསོལ་ལྕོག་བར་གྱི་འཁོར་འབྲེལ་ཧྲིལ་པོའི་འབྲུ་རིགས་འཕྲོ་བརླག་འགྲོ་ཚད་ཉུང་དུ་གཏོང་བའི་མ་ལག་རགས་ཙམ་གྲུབ་ཡོད་པ་རེད།