འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་31ཉིན།

༄༅།།གཞོན་ནུའི་གཙོ་འཛིན་གྱི་ཞི་བདེའི་གླེང་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་31ཉིན། 13:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་7ཚེས་28ཉིན། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་གོ་ལ་ཧྲིལ་པོ་ཅན་རིག་མཛོད་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་གཞོན་ནུའི་གཙོ་འཛིན་གྱི་ཞི་བདེའི་གླེང་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།

     ཀྲུང་གོ་དང་། ཨ་ཀེན་ཐིན། ཧྥ་རན་སེ། ཅི་ལི་པ་སི། ཧན་གོ འབར་མ། ཨ་རི་སོགས་རྒྱལ་ཁབ་20ཙམ་གྱི་སྲིད་གཞུང་སྡེ་ཚན་དང་། མཛའ་གྲོགས་རྩ་འཛུགས། མཐོ་སློབ་ཀྱི་རིག་མཛོད་བཅས་ནས་ཡོང་བའི་འཐུས་མི་200ལྷག་ཙམ་ཚོགས་འདུར་ཞུགས་པ་དང་འབྲེལ་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་པར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་བྱུང་བ་རེད།