གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་30ཉིན། 14:32】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་29ཉིན་གྱི་སྔ་དྲོ་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཨུད་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ་དུ། ཚེས་29ཉིན་གྱི་སྔ་དྲོར་ཧོ་པེ་ལོན་ཕིང་དུ་རི་ཉིལ་ནས་མི་8རྐྱེན་ལམ་དུ་ཤོར་བ་དང་མི་4འབྲེལ་བ་ཆད།
ལོན་ཕིང་རྫོང་མ་ཡིང་ཙི་མན་ཇུ་ཤང་ནན་ཐའེ་ཙི་ཤིས་ཀོའུ་གྲོང་ཚོར་ཆར་པ་ཆེན་པོ་བབས་པའི་རྐྱེན་གྱིས་རི་ཉིལ་བས། བསྡོམས་རྩིས་རགས་ཙམ་བརྒྱབ་པ་ལྟར་ན་མི་4རྐྱེན་ལམ་དུ་ཤོར་བ་དང་མི་8འབྲེལ་བ་ཆད་པ་རེད། ཧོ་པེ་ཞིང་ཆེན། ཁྲེང་ཏེ་གྲོང་ཁྱེར། ལོན་ཕིང་རྫོང་བཅས་ཀྱིས་གང་མྱུར་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་བྱས་པ་དང་ད་ལྟའི་བར་མི་8འབྲེལ་བ་ཆད་པའི་ཁྲོད་ནས་མི་4རྙེད་ཐུབ་ཀྱང་ཚང་མ་རྐྱེན་ལམ་དུ་ཤོར་བ་རེད། འབྲེལ་བ་ཆད་མི་གཞན་4པོ་སྔར་ལྟར་འཚོལ་བཞིན་ཡོད།
སྔོན་དཔག་ལྟར་ན། ས་གནས་དེ་གར་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ད་དུང་ཆར་བ་འབབ་རྒྱུ་ཡིན་སྟབས། གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱི་རི་རྒྱུད་ས་ཆུས་ཁེངས་ཟིན་པ་དང་། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་བྱུང་ཉེན་ཆེ་བས། ས་གནས་དེ་གའི་སྲིད་གཞུང་གིས་ཤིས་ཀོའུ་གྲོང་ཚོའི་གྲོང་མི་ཚང་མ་གནས་སྤོའི་འཆར་གཞི་བཟོས་འདུག