གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་24ཉིན། 14:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་23ཉིན་གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་7ཚེས་23ཉིན་ཆུ་ཚོད་10དང་སྐར་མ་20ཙམ་དུ། བྱང་ཤར་སློབ་ཆེན་གྱི་སློབ་མ་6ཀྲུང་གོ་གསེར་གྱི་ཚོགས་པའི་ནང་སོག་གཏེར་ལས་ཚད་ཡོད་ཀུང་སིའི་ཝུའུ་ནུའུ་ཀེ་ཐུའུ་རི་བོའི་ཟངས་མུའུ་གཏེར་འདེམས་བཟོ་གྲྭ་རུ་གཡེང་འདེམས་བཟོ་རྩལ་ལ་ལྟ་སྐོར་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་དྲ་པང་ལྷུངས་ནས་གཡེང་འདེམས་གཞོང་དུ་ལྷུངས་པ་རེད། རོགས་སྐྱོབ་ཅི་ཐུབ་བྱས་པ་བརྒྱུད་ནས་སློབ་མ་6ལྷུངས་ཡུལ་ལས་འདོན་ཐུབ་ཀྱང་སྨན་པས་དབུགས་འགག་ཐེབས་ནས་གྲོངས་ཟིན་པར་ངོས་འཛིན་བྱས། དེ་མིན་དགེ་རྒན་ཞིག་ལའང་རྨས་སྐྱོན་ཕོག་ཡོད་པ་རེད།
ད་ཆ། ས་ཆ་འདིའི་ཏང་ཨུད་སྲིད་གཞུང་དང་། བྱང་ཤར་སློབ་ཆེན། ཀྲུང་གོ་གསེར་གྱི་ཚོགས་པ་ཚད་ཡོད་ཀུང་སིས་རྗེས་འཇུག་གི་ལས་ཀ་ཐག་གཅོད་བྱེད་སྒང་ཡིན་པ་རེད།