འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་18ཉིན།

༄༅།།ཞི་ཅིན་ཕིང་གིས་ནི་ཀྲེ་རི་ཡའི་ཙུང་ཐུང་ཟུར་པ་པུའུ་ཧཱ་ལི་སྐུ་གཤེགས་པར་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་18ཉིན། 16:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནི་ཀྲེ་རི་ཡའི་ཙུང་ཐུང་ཟུར་པ་པུའུ་ཧཱ་ལི་སྐུ་གཤེགས་པར་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་མྱ་ངན་ཟབ་མོ་ཞུས་གནང་བ་དང་ཆབས་ཅིག པུའུ་ཧཱ་ལིའི་གཉེན་ཉེ་དང་དེ་བཞིན་ནི་ཀྲེ་རི་ཡའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཡང་ཞུས་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཟུར་པ་པུའུ་ཧཱ་ལི་ནི་ནི་ཀྲེ་རི་ཡའི་འགོ་ཁྲིད་གལ་ཆེན་ཞིག་ཡིན་ལ། ཁོང་གིས་ནི་ཀྲེ་རི་ཡའི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་བྱེད་པའི་ཐད་ཤུགས་བརྒྱབ་པ་མ་ཟད། རྒྱལ་ཁབ་མཐུན་སྒྲིལ་ཡར་ཐོན་ཐད་ལ་ཡང་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་སུ་དབང་གྲགས་ལྡན་ཡོད། ཁོང་འཚོ་བཞུགས་སྐབས་ཀྲུང་ནིའི་མཛའ་གྲོགས་འབྲེལ་བ་མཐའ་འཁྱོངས་བྱས་ནས་ཀྲུང་ནིའི་མཛའ་གྲོགས་དང་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཁོང་སྐུ་གཤེགས་པ་ནི་ནི་ཀྲེ་རི་ཡའི་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་རེད་ལ། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་བཟང་པོ་གཅིག་ཉུང་དུའང་ཕྱིན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ནིའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ནི་ཀྲེ་རི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།