འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་15ཉིན།

༄༅།།ལོ་སྟོད་དུ་ལྕགས་ལམ་ལ་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད་དུས་མཚུངས་ལས་5.5%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་15ཉིན། 13:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་13ཉིན། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ལྕགས་ལམ་ལ་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར་3559བཏང་བ་དེ་དུས་མཚུངས་ལས་5.5%འཕར་ཞིང་། རིམ་རྩིས་བརྒྱབ་ན་ལམ་ཐིག་གསར་པ་སྤྱི་ལེ་301སྤྱོད་འགོ་ཚུགས་ནས་དེང་རབས་ཅན་གྱི་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་གྲུབ་མགྱོགས་སུ་ཕྱིན་ཡོད།

    ཉེ་ཆར། ལམ་ཐིག་གསར་པ་དང་འབབ་ཚུགས་གསར་པ་ཁག་གཅིག་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། གསར་དུ་བསྐྲུན་པའི་ཁྲུང་ཆིང་ནས་ཞ་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་འབབ་ཚུགས་ཤར་མ་ནས་ཆན་ཅང་བར་གྱི་དུམ་བུ་ཤར་གཏོང་ཐུབ་སྟེ། ཁྲུང་ཞ་མྱུར་བགྲོད་ལྕགས་ལམ་ཁྲུང་ཆིང་གི་འབབ་ཚུགས་ཤར་མ་ནས་ཁྲང་ཧྲ་བར་གྱི་དུམ་བུ་སྦྲེལ་མཐུད་ཐུབ་པ་དང་། ཀྲེང་ཀྲོའུ་ནས་ཁའེ་ཧྥེང་བར་གྱི་གྲོང་སྦྲེལ་ལྕགས་ལམ་གྱི་སུང་ཁྲེང་ལམ་གྱི་འབབ་ཚུགས་ནས་ཁའེ་ཧྥེང་འབབ་ཚུགས་བར་གྱི་དུམ་བུ་བསྐྲུན་ནས་ཤར་གཏོང་ཐུབ་སྟེ། ཀྲེང་ཁའེ་གྲོང་སྦྲེལ་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྦྲེལ་མཐུད་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ། གསར་དུ་བསྐྲུན་པའི་ཁྲུང་ཆིང་འབབ་ཚུགས་ཤར་མ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཚང་ཀྲོའུ་འབབ་ཚུགས་སྒྱུར་བཀོད་མཐོར་གཏོང་ལས་གྲྭ་ལས་མཇུག་འགྲིལ་བ། རི་ཀྲའོ་འབབ་ཚུགས་གསར་སྐྲུན་རྒྱས་སྐྲུན་བྱས་རྗེས་སྤྱོད་འགོ་ཚུགས་པ་བཅས་ལས་ལྕགས་ལམ་གྱི་ནུས་པ་གཙོ་བོ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

     སྐྲུན་བཞིན་པའི་ལས་གྲྭའི་རྣམ་གྲངས་ལ་སྐུལ་འདེད་བདེ་བླག་བཏང་ཞིང་། ཧྲང་ཧའེ་དང་། ཁྲུང་ཆིང་། ཁྲེང་ཏུའུ་བཅས་མྱུར་བགྲོད་ལྕགས་ལམ་གྱི་ཝུའུ་ཧན་ནས་དབྱི་ཁྲང་བར་གྱི་དུམ་བུ་དང་། ཧྲེན་དབྱང་ནས་པའེ་ཧོ་བར་གྱི་མྱུར་བགྲོད་ལྕགས་ལམ། ཤང་དབྱང་ནས་ཅིན་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་རྣམ་གྲངས་དེ་མཉམ་འབྲེལ་སྙོམ་སྒྲིག་དང་མཉམ་འབྲེལ་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་། པའོ་ཐོའུ་ནས་དབྱིན་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་པའོ་ཐོའུ་ནས་ཧུའེ་ནུང་བར་གྱི་དུམ་བུ་དང་། ཁྲུང་ཙུའོ་ནས་ཕིང་ཞང་བར་གྱི་མྱུར་བགྲོད་ལྕགས་ལམ། ཤིས་ཨན་ནས་ཡན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་བཅས་ཀྱི་རྣམ་གྲངས་ལ་འཇགས་རྣམ་རྩིས་ལེན་བྱེད་བཞིན་ཡོད་པ། ཀོང་ཀྲོའུ་ནས་ཀྲན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ཕན་ཀྲོའུ་ནས་ཤིང་དབྱི་བར་གྱི་ལྕགས་ལམ་སོགས་ཀྱི་རྣམ་གྲངས་ཀྱིས་ལྕགས་ལམ་འདིང་བ་དང་ལེགས་སྒྲིག་སོགས་ཀྱི་ལས་གྲྭ་ལྷག་མར་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད།