གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་14ཉིན། 14:07】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་7ཚེས་10ཉིན། ཧྲན་ཞི་ཏ་ཐུང་སློབ་ཆེན་གྱིས་《ཡུན་རིང་ལས་བྱོལ་གྱི་ལས་མི་གདན་ཞུའི་འབྲེལ་བ་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་》ཁྱབ་བསྒྲགས་བྱས་པའི་ནང་དོན་གཤམ་གསལ།
ངེད་སློབ་གྲྭའི་ཁྲེན་ཆེ་གེ་མོ་སོགས་མི་10ཡིས་ཞིབ་བཤེར་ཆོག་འཐུས་ཀྱི་གོ་རིམ་གང་ཡང་མ་འགྲིམས་པར་ཡུན་རིང་ལས་གནས་ལས་བྲལ། 《བྱ་ལས་སྡེ་ཚན་གྱི་མི་དོན་དོ་དམ་སྲོལ་ཡིག་》གི་དོན་ཚན་བཅོ་ལྔ་པ་སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སློབ་གྲྭས་ཞིབ་འཇུག་བྱས་ནས་ཁྲིམས་ལྟར་ཁྲེན་ཆེ་གེ་མོ་སོགས་ཡུན་རིང་ལས་གནས་ལས་བྱོལ་མི་10གདན་ཞུའི་འབྲེལ་བ་མེད་པར་བཟོ་རྒྱུ་དང་འབྲེལ་དེའི་བྱ་ལས་སྒྲིག་ཁོངས་མེད་པར་བཟོ་རྒྱུའི་ཐག་བཅད་པ་རེད། རང་ཉིད་སྒེར་པ་དང་འབྲེལ་གཏུག་ཕན་འབྲས་ཐོན་པར་མ་བྱུང་བའམ་ཡང་ན་རང་ཉིད་ལ་བརྡ་ཐོ་འབྱོར་ཡང་སློབ་གྲྭར་གདན་ཞུའི་འགྲོ་ལུགས་མ་འགྲིམས་པར་ད་ལྟ་སྤྱི་བསྒྲགས་ཀྱི་རྣམ་པའི་ཐོག་ནས་བརྡ་སྦྱོར་སྐྱེལ་ཡོད་པས། གཤམ་གྱི་མི་སྣས་སྤྱི་བསྒྲགས་བཀྲམས་ཉིན་ནས་བཟུང་། ཉིན་30ཡི་ནང་སྡེ་ཚན་དེ་གར་འབྲེལ་ཡོད་འགྲོ་ལུགས་འགྲིམས་པའམ་ཡང་ན་གསལ་བཤད་དང་དག་འབུད་བྱེད་རོགས། དུས་ཡུན་ལས་བརྒལ་ན་ཁེ་དབང་དོར་བར་བརྩི་རྒྱུ། སློབ་གྲྭས་འབྲེལ་ཡོད་གཏན་འབེབས་ལྟར་གདན་ཞུའི་འབྲེལ་བ་དངོས་སུ་ཕྱིར་འཐེན་བྱ་རྒྱུ་མ་ཟད། དེའི་བྱ་ལས་སྒྲིག་ཁོངས་མེད་པར་བཟོ་རྒྱུ་ཡིན།
ཟླ་7ཚེས་12ཉིན་གྱི་ཕྱི་དྲོར། གསར་འགོད་པས་སློབ་གྲྭ་དེའི་དགེ་རྒན་གྱི་ལས་དོན་པུའུ་(མི་ཤུགས་ཐོན་ཁུངས་ལས་དོན་པུའུ་)དང་འབྲེལ་གཏུག་བྱས་པ་དང་། ལས་དོན་མི་སྣ་ཞིག་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་བསྒྲགས་ནང་གི་མི་10པོ་ཚང་མ་དགེ་རྒན་ཡིན་པ་དང་། ཁག་གཅིག་ནི་སློབ་གྲྭས་བསྐོ་གཞག་བྱས་པའི་འབུམ་རམས་པ་ཡིན་པ་དང་། ཁག་གཅིག་ནི་ཡོངས་བསྒྲགས་ཐོག་གདན་འདྲེན་ཞུས་པའི་འབུམ་རམས་པ་ཡིན་པ། མི་ཁག་གཅིག་གིས་བསྐོ་གཞག་གསོ་སྦྱོང་དང་ལེན་བྱས་རྗེས་སློབ་གྲྭར་སློབ་ཁྲིད་བྱེད་པར་ལོག་མེད་པ་དང་། མི་ཁག་གཅིག་ལས་ཀར་ཡོང་ནས་དུས་ཡུན་ངེས་ཅན་ཞིག་སོང་རྗེས་ཁ་བྲལ་བ་མ་ཟད། ཚང་མས་ཞིབ་བཤེར་ཆོག་མཆན་འགོད་རིམ་ལག་བསྟར་བྱས་མེད་པ་རེད། ད་ལྟའི་བར་དུ། འབྲེལ་ཡོད་མི་སྣས་སློབ་གྲྭའི་འབྲེལ་ཡོད་སྡེ་ཚན་དང་གནས་སྐབས་འབྲེལ་གཏུག་བྱས་མེད་པ་རེད།