གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་14ཉིན། 14:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་དུས། རྒྱལ་ཡོངས་སུ་སླར་ཡང་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གིས་བུ་བཙའི་ཕོགས་སྣོན་ཐད་ཀར་སྒེར་ལ་སྤྲོད་རྒྱུ་རེད། ང་ཚོས་ས་ཆ་གང་དག་ཡོད་པ་བལྟས་པས་ཆོག
ཧོ་པེ་ཞིང་ཆེན།
ཟླ་7ཚེས་1ཉིན་ནས་བཟུང་། གཅིག་གྱུར་འཆར་འགོད་ཁུལ་ཚང་མས་བུ་བཙའི་ཕོགས་སྣོན་ཐད་ཀར་སྒེར་ལ་སྤྲོད་རྒྱུ་ཐུབ་པ་བྱུང་ཡོད། འགན་བཅོལ་ནང་ཞུགས་མཁན་གྱིས་“ཧོ་པེ་བློ་རིག་སྨན་བཅོས་འགན་བཅོལ་”ཡི་འཕྲིན་ཡིག་གི་གོ་རིམ་ཆུང་ཆུང་བརྒྱུད། ངའི་”→དངུལ་ཁང་བྱང་བུའི་”དཔེ་དུམ་ནང་ཞུགས་ནས་རང་ཉིད་ཀྱི་དངུལ་ཁང་རྩིས་ཁྲའི་ཆ་འཕྲིན་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད། སྲུང་སྐྱོང་བྱས་རྗེས། ཞིབ་བཤེར་མཐུད་མཚམས་སུ་དུས་མཉམ་དངུལ་ཁང་གི་ཆ་འཕྲིན་གནོན་ཆོག ཞིབ་བཤེར་བྱས་ནས་ཤར་གཏོང་ཐུབ་རྗེས། སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ལས་ཡུན་ཉིན་བཅུའི་ནང་གཏོང་སྤྲོད་ལེགས་གྲུབ་བྱས་ནས། མགྱོགས་ཤོས་སུ་ལས་ཡུན་ཉིན་གཉིས་ནས་གསུམ་བར་ལ་རྩིས་ཐོའི་ནང་འབྱོར་རྒྱུ་རེད།
ཀྲེ་ཅང་ཞིང་ཆེན།
སྨན་བཅོས་འགན་སྲུང་ཅུས་ཀྱིས་《བུ་བཙའི་ཕོགས་སྣོན་སྤྲོད་སྟངས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས། ཟླ་7ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ལེགས་སུ་བཏང་རྗེས། བུ་བཙའི་ཕོགས་སྣོན་སྤྲོད་རེ་ཞུ་བའི་ཆ་རྐྱེན་དང་མཐུན་པ་ཡིན་ན། རང་ཉིད་དམ་ཡང་ན་གནས་ཡུལ་གྱི་མི་སྤྱོད་སྡེ་ཚན་ལས་གཉེར་པས་རེ་འདུན་ཞུས་ཏེ། ས་གནས་དེ་གའི་སྨན་བཅོས་འགན་བཅོལ་ལས་གཉེར་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ནས་གྲོས་འཆམ་བྱུང་རྗེས་ཐད་ཀར་རང་ཉིད་ཀྱི་གཏན་འཁེལ་རྩིས་ཁྲར་སྤྲོད་རྒྱུ་རེད།
ཅི་ལིན་ཞིང་ཆེན།
《ཅི་ལིན་ཞིང་ཆེན་གྱི་བུ་བཙའི་ཕོགས་སྣོན་སྤྲོད་པའི་ལས་སྒོའི་བརྒྱུད་རིམ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས། ཟླ་7ཚེས་3ཉིན་ནས་བཟུང་བུ་བཙའི་འགན་བཅོལ་ཞབས་ཞུ་ལེགས་སུ་གཏོང་བ་དང་། སྡེ་ཚན་གྱི་གཏན་འཁེལ་ལྷུ་ཚིགས་མེད་པར་བཟོས་ནས་བུ་བཙའི་ཕོགས་སྣོན་ཐོབ་ཐང་ཐད་ཀར་སྒེར་ལ་སྤྲོད་རྒྱུའི་འགན་ལེན་བྱས་པ་རེད།
ཡུན་ནན་ཞིང་ཆེན།
སྨན་བཅོས་འགན་སྲུང་ཅུས་ཀྱིས་《བུ་བཙའི་ཁ་གསབ་སྒེར་ལ་སྤྲོད་རྒྱུའི་ལས་དོན་ཡག་པོར་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་པ་ལྟར་ན། ཟླ་7པའི་ཟླ་མཇུག་གོང་། ཡུན་ནན་ཞིང་ཆེན་གྱི་གཅིག་གྱུར་འཆར་འགོད་ཁུལ་ཁག་གིས་བུ་བཙའི་ཁ་གསབ་སྒེར་ལ་སྤྲོད་རྒྱུ་ཡིན་ཞིང་། བུ་བཙའི་ཁ་གསབ་སྤྲོད་རེ་ཞུ་བའི་ཆ་རྐྱེན་དང་མཐུན་པའི་འགན་བཅོལ་ནང་ཞུགས་མཁན་མི་སྣའི་བུ་བཙའི་ཁ་གསབ་སྤྲོད་རེ་ཞུས་རྗེས། སྨན་བཅོས་འགན་བཅོལ་གཉེར་སྐྱོང་ལས་ཁུངས་ཀྱིས་ཐད་ཀར་སྒེར་ལ་སྤྲོད་རྒྱུ་རེད།
བོད་རང་སྐྱོང་ལྗོངས།
སྨན་བཅོས་འགན་སྲུང་ཅུས་ཀྱིས་ཀྱང་ཟླ་7ཚེས་7ཉིན་འབྲེལ་ཡོད་ཡིག་ཆ་པར་འགྲེམས་བྱས་ནས། ལྗོངས་ཡོངས་སུ་བུ་བཙའི་ཕོགས་སྣོན་སྒེར་ལ་སྤྲོད་རྒྱུ་ཁྱབ་གདལ་བཏང་བ་རེད།
གཞན་ཡང་། ཅང་ཞིའི་ནན་ཁྲང་དང་ཅིའུ་ཅང་། ཧུའུ་ནན་ཁྲང་ཧྲ་དང་ཧྲའོ་དབྱང་། ཁྲང་ཏེ་། ཁྲེན་ཀྲོའུ་སོགས་པའི་གཅིག་གྱུར་འཆར་འགོད་ཁུལ་ཡང་ཟླ་7ཚེས་1ཉིན་ནས་བུ་བཙའི་ཕོགས་སྣོན་སྒེར་ལ་སྤྲོད་ཐུབ་པ་བྱུང་བ་རེད།