འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་14ཉིན།

༄༅།།རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོ་སྐབས་
སོ་གསུམ་པས་སྣ་མང་ཅན་གྱི་དཔེ་ཀློག་ཁོར་ཡུག་བཏོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་14ཉིན། 14:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “སྒྱུར་བཅོས་ཀྱི་འཆར་གཞི་བཏོན། དུས་རབས་ཀྱི་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོ་སྐབས་སོ་གསུམ་པ་ཚེས་11ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད།

     སྐབས་འདིའི་དཔེ་ཀློག་བྱེད་སྒོས་བརྗོད་དོན་གཙོ་བོར་དམིགས་ནས་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁྲོད་དུ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་དབྱར་སྒར་དང་གསར་བརྗེའི་གཏམ་རྒྱུད་ཚོགས་འདུ་སོགས“དཔེ་ཀློག་དང་ལག་ལེན་ཟུང་འབྲེལ”གྱི་ཁྱད་ལྡན་བྱེད་སྒོ་ཧུར་ཐག་སྤེལ་ནས། གཞོན་ནུ་ལོ་ཆུང་ལ་སྣ་མང་ཅན་གྱི་དཔེ་ཀློག་ཁོར་ཡུག་བསྐྲུན་རྒྱུ་དང་འབྲེལ་ས་གནས་ཁག་གི་གྲངས་འཛིན་ཅན་གྱི་སློབ་གསོའི་ལས་སྟེགས་ལ་བརྟེན་ནས་འཇོན་ནུས་ཆེ་རུ་གཏོང་རྒྱུ་དང་། དྲ་ཐོག་ནས་ལན་འདེབས་པ་དང་། རྩོམ་ཡིག་བསྡུ་བ། སློབ་ཆུང་སློབ་མའི་གཏམ་རྒྱུད་འདུ་ཚོགས། སློབ་འབྲིང་སློབ་མའི་གཏམ་བཤད་འདུ་ཚོགས་སོགས་བྱེད་སྒོ་གཏིང་ཟབ་སྤེལ་ནས། གཞོན་ནུ་ལོ་ཆུང་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་ནང་ཞུགས་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱ་རྒྱུ་ཡིན་པ་རེད།

     འགོ་ཚུགས་ཚོགས་འདུའི་ཐོག་ཧྥུའུ་ཅན་དང་། སི་ཁྲོན། ཨན་ཧུའེ། ཧོ་ནན། ཧོ་པེ་བཅས་ནས་ཡོང་བའི་འབྲེལ་ཡོད་སྡེ་ཚན་དང་དགེ་སློབ་ཀྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་མ་ཟད། དཔེ་ཀློག་གི་མྱོང་ཚོར་དང་གྲུབ་འབྲས་མཉམ་སྤྱོད་བྱས་པ་རེད། སློབ་གསོ་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་དེ་བཞིན་རྒྱལ་ཡོངས་ས་གནས་མང་པོ་ནས་ཡོང་བའི་དགེ་རྒན་དང་སློབ་མའི་འཐུས་མི་360ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོ་སྐབས་32གཉེར་བ་དང་རིམ་རྩིས་བརྒྱབ་ན། གཞོན་ནུ་ལོ་ཆུང་མི་ཐེངས་དུང་ཕྱུར་10ཞུགས་པ་རེད།