འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་14ཉིན།

༄༅།།རང་རྒྱལ་གྱི་བེད་མེད་འགྱིག་ཤོག་ཐོན་ཁུངས་ཅན་གྱི་ཕྱོཌ་བསྡུས་བེད་སྤྱོད་རྣམ་གྲངས་ཚོད་ལྟའི་ཐོན་སྐྱེད་ལེཌ་གྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་14ཉིན། 14:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་ཀོང་ཏུང་ཅེ་དབྱང་ནས་གློག་འཕྲིན་འབྱོར་གསལ། བེད་མེད་འགྱིག་ཤོག“ཟོག་རོ་ནོར་བུར་སྒྱུར་རྒྱུ”མངོན་འགྱུར་བྱུང་ཞིང་། ཉེ་ཆར། ཀོང་ཏུང་ཅེ་དབྱང་ཏ་ནན་ཧའེ་རྡོ་འགྱུར་བཟོ་ལས་གླིང་དུ་གནས་པའི་ཏུང་གཡོད་རྫས་འགྱུར་གྱི་ལོར་མཉམ་གསོག་ཐེབས་པའི་བེད་མེད་འགྱིག་ཤོག་ཏུན་ཁྲི་20ཐོན་ཁུངས་ཅན་གྱི་ཕྱོགས་བསྡུས་བེད་སྤྱོད་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་ཚོད་ལྟ་ཐོན་སྐྱེད་ལེགས་གྲུབ་བྱུང་ཞིང་། བཟོ་རྩལ་གྱི་ཚད་གཞི་ཚང་མ་སྔོན་དཔག་ལྟར་ལེགས་གྲུབ་བྱུང་ནས་བེད་མེད་འགྱིག་ཤོག་དེ་དག་རིན་ཐང་མཐོ་བ་དང་གནོད་མེད་བེད་སྤྱོད་ཀྱི་ཐོན་ལས་ཅན་དུ་འགྱུར་བའི་ཐབས་ལམ་བཏོད་པ་མཚོན་གྱི་ཡོད།

    རྣམ་གྲངས་དེས་རང་བདག་ཞིབ་སྤེལ་བྱས་པའི་བེད་མེད་འགྱིག་ཤོག་ཞིབ་འཐག་བྱེད་པའི་བཟོ་ལས་ཅན་གྱི་སྒྲིག་ཆས་སྤྱད་དེ་རྒྱུ་ཆ་མི་འདྲ་བའི་བེད་མེད་འགྱིག་ཤོག་ཐད་ཀར་ཟུར་སྣོན་རིན་ཐང་མཐོ་བའི་རྫས་འགྱུར་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆར་བསྒྱུར་ནས་བེད་མེད་འགྱིག་ཤོག་དབྱེ་འབྱེད་དཀའ་བ་དང་རུལ་སླ་བ་སོགས་ཚོད་འཛིན་ཐེབས་པའི་ལས་རིགས་ཀྱི་དཀའ་གནད་བསལ་ཏེ། བེད་མེད་འགྱིག་ཤོག་གི་སྦགས་བཙོག་དཀའ་གནད་ཐག་གཅོད་ནུས་ལྡན་བྱེད་པ་དང་འབྲེལ་རིན་ཐང་མཐོ་བའི་བསྐྱར་བསྡུ་བེད་སྤྱོད་ཀྱང་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།

     ལྗིད་སྣུམ་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་དང་སློབ་གསོ་པུའུ་རྫས་འགྱུར་བཟོ་ལས་སློབ་གསོ་པུའུ་ལས་རིགས་སློབ་གླིང་སློབ་གྲྭའི་སློབ་གསོ་མཛུབ་ཁྲིད་ཨུ་ལྷན་གྱི་ཨུ་ཡོན་དབྱང་ཁྲའོ་ཧོ་ཡིས་ཚོད་ལྟའི་ཐོན་སྐྱེད་ལེགས་གྲུབ་བྱུང་བ་ལས་བེད་མེད་འགྱིག་ཤོག་རྫས་འགྱུར་ཚུར་བསྡུའི་ཐོན་ལས་ཅན་གྱི་ལག་རྩལ་སྟོང་ཆ་གསབ་པ་དང་། དེས་རྡོ་འགྱུར་ཐོན་ལས་དེ“ཐོན་ཁུངས་ཐེངས་གཅིག་ལ་བརྟེན་པའི་མ་བཅོས་སྣུམ་ལས་སྣོན”ནས“བེད་མེད་འགྱིག་ཤོག་ཐོན་ཁུངས་འཁོར་རྒྱུག་གི་ལྗང་མདོག་ལས་སྣོན”དུ་འགྱུར་བར་སྐུལ་འདེད་ཐེབས་རྒྱུ་དང་། གཞི་ཁྱོན་ཆེ་བའི་བཟོ་ལས་ཅན་དང་བསྟུན་ནས་རྣམ་གྲངས་ཀྱིས་ལྗང་མདོག་རྫས་འགྱུར་དངོས་རྫས་བཟོ་སྐྲུན་དང་བསྐྱར་སྐྱེས་འགྱིག་ཤོག་ལས་སྣོན་སོགས་གོང་འོག་གི་ལེ་ལག་ཚང་བའི་ཁེ་ལས་ཁག་གཅིག་གི་ཡིད་དབང་བཀུག་ནས“བེད་མེད་འགྱིག་ཤོག་དབྱེ་འདེམས་དང་། འཁོར་རྒྱུག་གི་རྫས་འགྱུར་མ་བཅོས་རྒྱུ་ཆ། ལྗང་མདོག་གི་རྩེར་སོན་རྒྱུ་ཆ”བཅས་ལྗང་མདོག་ཅན་གྱི་རྫས་འགྱུར་བཟོ་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཆགས་ཐུབ་རྒྱུ་རེད་ཅེས་བརྗོད།