འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་14ཉིན།

༄༅།།དགའ་ཞེན་དང་བརྟན་སྲུང་།

ཙོའུ་ཞང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་14ཉིན། 14:02】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     “ཁྱེད་ཚོས་ཏང་དང་མི་དམངས་ལ་དགའ་ཞེན་བྱེད་པ་དང་སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་བྱས་ཏེ། ཡོལ་དཀར་ཐོག་གི་གཟུགས་བརྙན་གསོན་ཉམས་ལྡན་པ་མང་པོ་བསྐྲུན་ཡོད” ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཧྭ་སོགས་གློག་བརྙན་སྒྱུ་རྩལ་མཁས་ཅན་8ལ་འཕྲིན་ལན་སྤྲིངས་ནས་གློག་བརྙན་ལས་དོན་པར་ཐུགས་རེ་ཟབ་མོ་བཏོན་གནང་བ་རེད།

    མི་དམངས་ནི་རིག་རྩལ་གྱི་མ་མ་ཡིན་ལ། འཚོ་བ་ནི་གསར་རྩོམ་གྱི་འབྱུང་ཁུངས་ཡིན། འཁྲབ་སྟོན་པ་ཐེན་ཧྭ་ཡིས་ཕུན་སུམ་ཚོགས་པའི་འཚོ་བའི་གསོག་འཇོག་དང་བབ་ཆགས་ཟོལ་མེད་ཀྱི་བརྩེ་དུང་ལ་བརྟེན་ནས་ལས་བརྩོན་གཤིས་བཟང་དང་དཔའ་ངར་ཞུམ་མེད་ཀྱི“ཞི་ཨེར”གྱི་སྣང་བརྙན་ཤ་ཉམས་རུས་ཉམས་ཐོན་པར་བཞེངས་སྐྲུན་བྱས་ཡོད། མི་དམངས་དང་འཚོ་བའི་ཞིང་ས་གཤིན་པོར་རྩ་བ་ཚུགས་ན། ད་གཟོད་ཡིད་དབང་འཕྲོག་པའི་བརྩམས་ཆོས་གསར་གཏོད་བྱེད་ཐུབ།

    བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་ཇི་ལྟར་བྱེད་དགོས་སམ་ཞེ་ན། གནད་འགག་ནི་དུས་རབས་ཀྱི་འཕར་རྩ་ནས་སྒྱུ་རྩལ་གྱི་འཕར་རྒྱུན་ཚོར་དགོས། དུས་རབས་གསར་པའི་འབད་འཐབ་ཀྱི་ཉམས་བཟང་བརྗིད་ཉམས་རབ་ཏུ་ཆེ། སེམས་པ་དང་། བརྩེ་དུང་། བསམ་བློ་བཅས་མི་དམངས་ཀྱི་ཁྲོད་དུ་སླེབས་པར་བྱས་ནས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་བསྙེགས་ཏེ་ཡག་ཐོག་ཡག་བརྩེགས་དང་གཞུང་འཁྱོངས་གསར་འབྱེད་བྱེད་དགོས།

     ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དངོས་པོའི་འབྱོར་པ་མཁོ་བ་མ་ཟད་བསམ་པའི་འབྱོར་ཕྱུག་ཀྱང་འཛོམ་དགོས། དགའ་ཞེན་དང་བརྟན་སྲུང་ཉིད་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་ཏེ། མི་དམངས་ལ་བསམ་པའི་རྒྱགས་ཕྱེ་དེ་བས་མང་བ་དང་ལེགས་པ་མཁོ་སྤྲོད་བྱས་ཚེ། རྒྱང་ལམ་གསར་པར་གཟི་བརྗིད་གསར་པ་གཏོད་ཐུབ་ངེས་རེད།