འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་14ཉིན།

༄༅།།གཙོ་གནད་རྣམ་གྲངས་ཆེན་པོ་གཉིས་ཀྱིས་ཟི་ལིང་གསར་སྤེལ་ཁུལ་གྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་14ཉིན། 13:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཤིས་ཁོ་ལིས་གློག་རྫས་སྭེལ་ཐཱན་མཉམ་འདུས་རྒྱུ་ཆའི་རྣམ་གྲངས་དང་ཧང་ཀྲོའུ་ཀྲུང་ནེང་འོད་གློག་ཀལ་ཐེ་གཏེར་འོད་གློག་ཕྱེད་འདྲེན་གཟུགས་ཐོན་སྐྱེད་རྟེན་གཞིའི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་གཙོ་གནད་ལས་གྲྭ་ཆེན་པོ་གཉིས་ཟླ་བ་འདིར་འཛུགས་སྐྲུན་བྱེད་འགོ་ཚུགས་རྒྱུ་རེད།

     གཙོ་གནད་རྣམ་གྲངས་མགྱོགས་མྱུར་ལག་བསྟར་བྱས་པ་ནི་ཟི་ལིང་གསར་སྤེལ་ཁུལ་གྱི་གསར་གཏོད་འཕེལ་རྒྱས་བྱེད་སྟངས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་དང་། གླིང་ཁུལ་གྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ལྡན་ཞིག་ཏུའང་གྱུར་ཡོད།

     ནུས་རྒྱུ་གསར་པའི་རྒྱུ་ཆའི་ཁྱབ་ཁོངས་སུ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་8ཙམ་བཏང་བའི་མཚོ་སྔོན་ཤིས་ཁོ་ལིས་གློག་རྫས་སྭེལ་ཐཱན་མཉམ་འདུས་རྒྱུ་ཆའི་རྣམ་གྲངས་ནས་ཐོན་ལས་གཅིག་སྡུད་ཀྱི་ཕན་ནུས་ཆེན་པོ་མངོན་ཡོད། རྣམ་གྲངས་དེས་སྔོན་ཆད་མཚོ་སྔོན་ཤིས་པའོ་གཡང་ཊི་ཚད་ཡོད་ཀུང་སིའི་བེད་མེད་ས་ཆ་དང་བཟོ་གྲྭ་གང་ལེགས་སྤྱད་ཐོག་སྔོན་ཐོན་སྒྲིག་ཆས་ཉོས་ཏེ་ལོ་རེར་ཏུན་6000ཐོན་སྐྱེད་ཐུབ་པའི་ཐོན་སྐྱེད་བརྒྱུད་རིམ་ལྔ་བསྐྲུན་ནས་ལོ་རེར་ཏུན་ཁྲི་3ཐོན་སྐྱེད་ཐུབ་པའི་གཞི་ཁྱོན་ཆེ་བའི་ཐོན་སྐྱེད་ནུས་པ་ཆགས་པར་བྱ་རྩིས་ཡོད་པ་རེད། མིག་སྔར་རྣམ་གྲངས་ལ་མ་འཇོག་གན་རྒྱ་བཞག་ཟིན་པ་དང་། བཟོ་གྲྭ་སྒྱུར་བཀོད་རིམ་སྤོར་དང་སྒྲིག་ཆས་ཉོ་སྒྲུབ་ལས་དོན་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བཞིན་ཡོད་པས་སྔོན་དཔག་བྱས་ན་ཟླ་བ་ལྔའི་ནང་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་རེད།

     འོད་ཤུགས་ཐོན་ལས་ཐད་ཧང་ཀྲོའུ་ཀྲུང་ནེང་འོད་གློག་ཀལ་ཐེ་གཏེར་འོད་གློག་ཕྱེད་འདྲེན་གཟུགས་ཐོན་སྐྱེད་རྟེན་གཞིའི་དུས་ཐེངས་དང་པོའི་རྣམ་གྲངས་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་5ཙམ་བཏང་ནས་200MWཡི་ཀལ་ཐེ་གཏེར་འོད་ཤུགས་ཆ་ལག་གི་ཐོན་སྐྱེད་བརྒྱུད་རིམ་བསྐྲུན་རྩིས་ཡོད། མིག་སྔར་རྣམ་གྲངས་ལ་གན་རྒྱ་བཞག་ཟིན་པ་དང་འབྲེལ་འཛུགས་སྐྲུན་ཡང་བྱེད་འགོ་ཚུགས་པ་དང་། བཟོ་གྲྭ་སྒྱུར་བཀོད་དང་སྒྲིག་ཆས་ཉོ་སྒྲུབ་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ། མ་འཇོག་གྲོས་མཐུན་ལེགས་སུ་གཏོང་བ་དང་ས་སྤྱོད་ལ་ཞིབ་མཆན་འགོད་པ་སོགས་དུས་འགོའི་ལས་དོན་དུས་མཉམ་དུ་སྤེལ་བཞིན་ཡོད། འཆར་གཞི་ལྟར་ན་2025ལོའི་ཟླ་7པར་དངོས་སུ་ལས་འགོ་བཙུགས་ནས་ཟླ་བ་10ནང་བསྐྲུན་ཏེ་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་ཡིན་པ་དང་། སྐབས་དེར་དཔལ་འབྱོར་འཕར་ཚད་གསར་པ་ཞིག་ཆགས་རྒྱུ་རེད།