གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་14ཉིན། 13:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། ད་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་ས་བོན་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ཁྲིད་སྟོན་དུ་བྱས་ཏེ། ཐོན་ཁུངས་སྲུང་སྐྱོང་དང་། སོན་གསོ་གསར་གཏོད། ཁེ་ལས་སྐྱེད་སྲིང་། རྟེན་གཞི་རིམ་སྤོར། ཁྲོམ་ར་གཙང་འགྱུར་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ཏེ་གནད་སྨིན་ཇུས་བསྟར་བྱས་ནས་འབྲུ་རིགས་བདེ་འཇགས་འགན་ལེན་དང་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུར་སོན་ཁུངས་མཁོ་འདོན་བརྟན་པོ་ཡོང་བར་བྱས་ཡོད། ས་བོན་གྱི་སྤུས་ཚད་ལྟ་འདོམས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རིམ་རྩིས་བརྒྱབ་ན། ས་བོན་གྱི་མ་དཔེ་117འཐེན་བཤེར་བྱས་པ་དང་ཚབ་མཚོན་འབོར་གྲངས་སྤྱི་རྒྱ་ཁྲི་430ཟིན་ནས་ཚད་གཞི་ལོན་ཚད་98%ཡན་རྒྱུན་འཁྱོངས་ཐུབ་ཡོད། སོན་བཟང་ཁྱབ་གདལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཞིང་ཆེན་ཡོངས་སུ་ཞིང་ལས་ལོ་ཏོག་གི་སོན་བཟང་ཁྱབ་ཚད་98.2%ཟིན་པའི་ནང་རྒྱུད་འདྲེས་པད་ཁ་དང་རྒྱུད་འདྲེས་མ་རྨོས་ལོ་ཏོག་གི་སོན་བཟང་ཕྱོགས་ཡོངས་ལ་ཁྱབ་ཡོད།