འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་13ཉིན།

༄༅།།ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་12ཉིན། 12:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

     ཞི་ཅིན་ཕིང་གིས་གསུང་དོན། ཤེས་དཔལ་སྣ་མང་ནི་འཛམ་གླིང་གི་རང་རྟགས་རེད། ལོ་རྒྱུས་ཀྱིས་ང་ཚོར་ཤེས་དཔལ་དར་རྒྱས་བྱུང་བ་དང་མིའི་རིགས་ཡར་རྒྱས་ཡོང་བ་ཚང་མ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཁ་འབྲལ་ཐབས་མེད་པ་གསལ་པོར་བསྟན་ཡོད། མིག་སྔར། རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་འགྱུར་ལྡོག་མཉམ་དུ་གནས་པ་དང་མིའི་རིགས་ལམ་བཞི་མདོ་ཁ་གསར་པར་གནས་པས། ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་གྱི་འགལ་ཟླ་ལས་སྒྲོལ་ཐུབ་པ་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་བཟུང་ནས་ཤེས་དཔལ་གྱི་འགལ་རྐྱེན་ལས་རྣམ་པར་རྒྱལ་བ་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་རེད།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ། བསྟུན་མཁས་བཅས་ཀྱི་ཤེས་དཔལ་ལྟ་བ་རྒྱུན་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་བསྟར་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་མཉམ་ལས་དྲ་རྒྱ་འཛུགས་པར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད། འཐུས་མི་རྣམ་པས་སྤེལ་རེས་གཏིང་ཟབ་དང་ངོས་འཛིན་གཅིག་མཐུན་གཅིག་སྡུད་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་འཆམ་མཐུན་དང་ཤེས་དཔལ་མི་འདྲ་བ་མཐུན་འགྲོགས་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

     ཚེས་10ཉིན། གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་པེ་ཅིང་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“མིའི་རིགས་ཀྱི་ཤེས་དཔལ་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།