རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་ནས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་12ཉིན། 12:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པའི་ནང་ཕྱོགས་བདུན་ཐད་ནས་སྲིད་ཇུས་དང་བྱེད་ཐབས་བཏོན་ཏེ་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།
《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། ཁེ་ལས་ཁག་ལ་ལས་ཞུཌ་ལས་གནས་བརྟན་པོ་ཡོང་རྒྱུའི་རྒྱབ་སྐྱོར་བྱེད་དགོས་ཤིང་། ལས་གནས་བརྟན་པོ་དང་ལས་གནས་རྒྱ་སྐྱེད་ཀྱི་ཆེད་དོན་དངུལ་བུན་སྤྲོད་ཁོངས་ཆེ་རུ་བཏང་སྟེ། སྲིད་གཞུང་དང་དངུལ་ཁང་དབར་གྱི་མཉམ་ལས་ཟབ་ཏུ་དང་ལས་སྒོའི་བརྒྱུད་རིམ་ལེགས་སུ་བཏང་ནས་སྔར་བས་དངུལ་བུན་ལེན་བདེ་པོ་ཡོང་བ་བྱེད་དགོས། འབྲེལ་ཡོད་ཁེ་ལས་ཁག་གི་ལས་ཤོར་འགན་བཅོལ་གྱི་ལས་བརྟན་དངུལ་སློག་བསྡུར་ཚད་མཐོ་རུ་གཏོང་དགོས་པ་དང་། དེ་དག་ལས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་སློག་བསྡུར་ཚད་ཁེ་ལས་དེ་དང་དེའི་ལས་བཟོ་ཚོས་ལོ་འཁོར་གོང་མར་སྤྲད་པའི་ལས་ཤོར་འགན་བཅོལ་གྲོན་དངུལ་གྱི་60%ལས་མི་བརྒལ་བ་ནས་མཐོ་ཤོས་90%ལས་མི་བརྒལ་བའི་བར་མཐོ་རུ་གཏོང་དགོས། ཁེ་ལས་ཆེ་གྲས་ཀྱི་དངུལ་སློག་བསྡུར་ཚད་30%ལས་མི་བརྒལ་བ་ནས་མཐོ་ཤོས་50%ལས་མི་བརྒལ་བའི་བར་མཐོ་རུ་གཏོང་དགོས། འབྲེལ་ཡོད་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཐད་དངོས་འབྲེལ་དཀའ་ངལ་འཕྲད་ཚེ། གཏན་འབེབས་ལྟར་རྒན་གསོ་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ལས་ཚན་པས་སྤྲོད་པའི་ཆ་ཤས་དེ་དུས་མཚམས་རང་བཞིན་གྱི་འགྱངས་སྤྲོད་བྱ་རྒྱུའི་རེ་ཞུ་བྱེད་ཆོག
《བརྡ་ཐོའི》ནང་བཏོན་དོན། ཁེ་ལས་ཁག་ལ་ལས་གནས་རྒྱ་སྐྱེད་བཏང་ནས་ལས་ཞུགས་བསྡུ་ལེན་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས་ཤིང་། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་ཁོངས་ཆེ་རུ་གཏོང་དགོས། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱིས་གཙོ་གནད་ཚོགས་སྤྱི་བསྡུས་ནས་ལས་ཞུགས་བྱེད་དུ་བཅུག་རྗེས་གཏན་འབེབས་ལྟར་འབྲེལ་ཡོད་གྲོན་དངུལ་འཇལ་རིགས་ལ། མི་སྒེར་གྱིས་སྤྲད་པའི་གྲངས་འབོར་གྱི་25%ལྟར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་དགོས། འཚོ་རྟེན་ལས་སྤྲོད་སྲིད་ཇུས་ཀྱི་ཁྱབ་ཁོངས་དང་རྣམ་གྲངས་ལག་བསྟར་གཞི་ཁྱོན་ཆེ་རུ་བཏང་སྟེ། གཙོ་གནད་ཚོགས་སྤྱི་རྒྱ་ཁྱབ་བསྡུས་ནས་ལས་ཞུགས་བྱེད་དུ་འཇུག་དགོས།
《བརྡ་ཐོའི》ནང་བླང་བྱ་བཏོན་དོན། རྩལ་ནུས་གསོ་སྦྱོང་ཡག་པོ་བྱས་ནས་ལས་ཞུཌ་འཇོན་ཐང་ཆེ་རུ་གཏོང་དགོས་ཤིང་། འབྲེལ་ཡོད་ཁེ་ལས་ཀྱིས་ལས་ཐོག་གསོ་སྦྱོང་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ལས་བཟོའི་དཔུང་ཁག་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) འབྲེལ་ཡོད་ལས་ཤོར་མི་སྣ་སྔོན་ལ་སྒྲིག་འཛུགས་བྱས་ནས་ལས་རིཌ་རྩལ་ནུས་གསོ་སྦྱོང་བྱེད་རིགས་ལ། གཏན་འབེབས་ལྟར་ཁྱད་པར་ཅན་གྱི་ལས་རིགས་གསོ་སྦྱོང་ཁ་གསབ་སྤྲོད་དགོས། ལག་རྩལ་བཟོ་པའི་སློབ་གྲྭ་ཁག་ལ་འབྲེལ་ཡོད་ལས་ཤོར་མི་སྣ་བསྡུ་རྒྱུ་མ་ཟད། སློབ་བསྡུའི་ལོ་ཚད་ལྷུག་ཏུ་འོས་འཚམ་བཏང་ནས་ལས་རིགས་རྩལ་ནུས་ཆེ་རུ་གཏོང་རོགས་བྱ་རྒྱུའི་ལྕག་སྐུལ་གཏོང་དགོས།
《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། ལས་ཞུགས་ཞབས་ཞུ་ལེཌ་སུ་གཏོང་དགོས་ཤིང་། ཁེ་ལས་ཁག་གིས་ལས་མི་སྤྱོད་པའི་ཐད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུཌ་ལས་གནས་དམིགས་བཙུགས་མཁོ་སྤྲོད་ཀྱི་བྱེད་སྒོ་སྤེལ་བ། དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མའི་མིང་དངོས་འགོད་པའི་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། དཀའ་ངལ་ཡོད་པའི་མི་སྣར་ཆེད་ལས་ཅན་གྱི་ལས་ཞུགས་ཞབས་འདེགས་ཞུ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་ཚད་བརྟན་པོར་སྲུང་དགོས། ལས་ཤོར་མི་སྣས་རང་ཉིད་སྡོད་སའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་ཁུངས་སུ་ལས་ཤོར་ཐོ་འགོད་བྱས་ཏེ་གཏན་འབེབས་ལྟར་ལས་ཞུགས་ལས་གཏོད་སྲིད་ཇུས་ལོངས་སུ་སྤྱོད་རྒྱུའི་རེ་ཞུ་བྱེད་ཆོག