འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་11ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་གོ་གནས་བསྐོ་འཐེན་བྱས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་10ཉིན། 13:37】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   དབྱང་ཝེ་ལིན་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས། ཝུའུ་ཙེང་(བུད་མེད་)ཁྲིམས་འཛིན་པུའི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས། ཡོན་ཞའོ་མིང་ཚོང་དོན་པུའི་པུའུ་ཀྲང་གི་ལས་རོགས་ལ་བསྐོ་གཞག་བྱས། ལི་ཅིན་ཧྭ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་)ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས། སུན་ཧྲོའོ་ཕེང་ཀྲུང་གོའི་རྒན་རྒོན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་གཞག་བྱས།

   སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲེན་སི་ཡོན་དང་སུན་མའོ་ལིའི་གོ་གནས་ཕྱིར་འཐེན་བྱས། ཀྲུང་གོའི་བཟོ་སྐྲུན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཝུའུ་མན་ཆིང་གི་གོ་གནས་ཕྱིར་འཐེན་བྱས། ཀྲུང་གོའི་རྒན་རྒོན་མཐུན་ཚོགས་ཀྱི་ཚོགས་གཙོ་ལིའུ་ཀྲེན་གོ་ཡི་གོ་གནས་ཕྱིར་འཐེན་བྱས། ཀྲུང་གོའི་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་དང་སྤྱི་ཁྱབ་བཟོ་སྐྲུན་དགེ་རྒན་ལའེ་ཞིན་ཁྲུན་གྱི་ཕྱིར་འཐེན་བྱས། ཀྲུང་གོའི་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཀྲང་ཁའེ་ཡི་གོ་གནས་ཕྱིར་འཐེན་བྱས།