འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་10ཉིན།

༄༅།།ཐེ་རོན་ཕུས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྐོར་བཤད་པར་ཀྲུང་གོར་ལན་བཏབ་དོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་10ཉིན། 13:37】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་7ཚེས་9ཉིན། ཕྱི་འབྲེལ་པུའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། ཉེ་ཆར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཉེ་དུས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ལེགས་སུ་ཕྱིན་པ་དང་། ཀྲུང་གོའི་སྲིད་གཞུང་ནས་ཉོ་ཚོང་ཁྱབ་ཁོངས་སུ་ཐོག་མཐའ་བར་གསུམ་དུ་ཨ་རིར་དྲང་གཞག་གི་སྲིད་ཇུས་འཛིན་གྱིན་ཡོད་ལུགས་གླེང་བར། ཕྱི་འབྲེལ་པུས་རྣམ་འགྱུར་དེར་ལྟ་སྟངས་ཇི་ལྟར་འཛིན་གྱི་ཡོད་ཅེས་དྲིས།

    དེའི་ཐད་མགྲིན་ཚབ་པ་མའོ་ཉིང་གིས། “ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་གྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱེད་ཀྱིན་ཡོད་”ཅེས་བཤད་པ་རེད།