གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་10ཉིན། 13:36】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་8ཉིན། གསར་འགོད་པས་ཧུའུ་ནན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་གཤིས་གཏེར་འཚོལ་རིགས་པའི་གཞུང་ལུགས་གསར་གཏོད་བྱས་་ཡུན་རིང་རྩད་ཞིབ་བྱས་པ་བརྒྱུད། ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་ལིན་ཝུའུ་རྫོང་ཅི་ཅའོ་ཧྲན་གཏེར་ཁུལ་དུ་རུལ་འགྱུར་འཛེང་རྡོ་ཅན་གྱི་ལི་གཏེར་ཧ་ཅང་ཆེ་གྲས་འཚོལ་ཞིབ་བྱས་ནས། ལི་གཏེར་རྡོ་ཏུན་དུང་ཕྱུར་4.9དང་དབྱང་འགྱུར་ལི་ཐོན་ཁུངས་ཏུན་ཁྲི་131ཕུལ་བ་རེད། དེ་དང་ཆབས་ཅིག་གཏེར་རྫས་ཆེ་གྲས་དེར་རུའེ་དང་། ཝུའུ། གཤའ་སོགས་འཐབ་ཇུས་ཀྱི་གཏེར་རྫས་སྣ་ཚོགས་ཡོད་པ་དང་། ཐོན་ཁུངས་ཚང་མ་འཕར་མའི་ཐོན་ཁུངས་ཀྱི་གྲངས་འབོར་ཡིན་པ་རེད།