གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་10ཉིན། 13:35】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་9ཉིན། ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་སྙན་སེང་ཞུ་མཁན་ཧྥུ་ལང་ཞི་སི་ཁ·ཨར་པ་ཉི་སིར་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས། ཁོང་གིས“ཁྲིམས་འགལ་དང་ཁྲེལ་མེད་ཀྱི་ཐབས་ལམ་”བརྒྱུད་ནས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨ་རི་དང་དབྱི་སི་རལ་གྱི་དཔོན་རིགས་དང་། ཀུང་སི། མཐོ་རིམ་དོ་དམ་པ་བཅས་ལ་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བཤད་པ་རེད།
ལུའུ་པི་ཨའོ་ཡིས། ཨར་པ་ཉི་སིས་ཨ་རི་དང་དབྱི་སི་རལ་ལ་དམིགས་པའི་བྱ་སྤྱོད་ལ་བཟོད་སྒོམ་མི་བྱ་རྒྱུ་དང་། ཨ་རིས་ཐོག་མཐའ་བར་གསུམ་དུ་ཨ་རིའི་རོགས་ཟླའི་རང་སྲུང་དབང་ཆ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།