འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་9ཉིན།

༄༅།།མདུན་སྐྱོད་ཀྱི་ཀྲུང་གོ བ་ར་མགྲོན་ཁང་དུ་གྱུར་ཏེ། གྲོང་མི་མཉམ་དུ་ཕྱུག་པོར་གྱུར། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་09ཉིན། 13:49】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

མི་དམངས་དྲ་བའི་གསར་འགོད་པ། ལི་ཀྲའོ་མིན་གྱིས་པར་བླངས།

མི་དམངས་དྲ་བའི་གསར་འགོད་པ། ལི་ཀྲའོ་མིན་གྱིས་པར་བླངས།

    ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཝེ་ཁྲང་མན་ཇུ་རིགས་དང་སོག་རིགས་རང་སྐྱོང་རྫོང་ཧ་ལི་ཧ་གྲོང་རྡལ་གྱི་གྲོང་ཚོ་ཨང་83པའི་གྲོང་མི་ཧྥུ་ཁྲུང་མིན་གྱིས་གསར་འགོད་པར་“ད་ལྟ་ཁྱིམ་ཚང་གི་མགྲོན་ཁང་བཙུགས་ནས་བ་ཕྱུགས་དེ་དག་གྲོང་ཚོའི་ཚད་ལྡན་ཅན་གྱི་ནོར་གསོ་ཁུལ་དུ་སྤོས་པས། ཡོང་འབབ་སྔོན་ཆད་ལས་མང་བ་དང་གཏན་འཇགས་སུ་གྱུར་ཡོད། ཡོང་འབབ་བཟང་བའི་ལོ་དུས་སུ་ལོ་རེར་སྒོར་ཁྲི་10ལྷག་ཙམ་ཡོང་གིན་འདུག་”ཅེས་དང་།

མི་དམངས་དྲ་བའི་གསར་འགོད་པ། ལི་ཀྲའོ་མིན་གྱིས་པར་བླངས།

མི་དམངས་དྲ་བའི་གསར་འགོད་པ། ལི་ཀྲའོ་མིན་གྱིས་པར་བླངས།

    “ནགས་ཚུལ་གྱི་སྒོ་ར་བསྐོངས་ཏེ་སྣོད་བཅུད་རིག་གནས་འཛུགས་སྐྲུན་གྱི་རྣམ་གྲངས་བསྐྲུན་པས་ཁྱད་ཆོས་ལྡན་པའི་རང་བྱུང་གི་རི་ཆུ་ནགས་ཚལ་གྱི་ཡུལ་ལྗོངས་ལ་བརྟེན་པ་དང་། དེང་རབས་ཀྱི་མཛེས་ཆོས་རིག་པའི་རྣམ་པ་དང་ཟུང་འབྲེལ་བྱས་ནས། སྣོད་བཅུད་བཟང་བའི་ཞིང་གྲོང་དང་ཞིང་ལས་ཀྱི་ཞིབ་འཇུག་གྲོང་ཚོ་སོགས་ཕྱོགས་བསྡུས་རྣམ་པའི་སྣོད་བཅུད་རིག་གནས་ཡུལ་སྐོར་བྱེད་གནད་བསྐྲུན་རྒྱུ་རེད་”ཅེས་ཟེར། རྣམ་གྲངས་ཀྱི་འགན་འཁུར་བ་ལིའུ་ཞའོ་མེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེར་སྡོད་ཁང་དང་མགྲོན་ཁང་གི་ས་ཚིགས། ཧ་ལི་ཧ་ནགས་རའི་ཟ་ཁང་ཆེན་པོ་སོགས་ཡོད་པ་དང་། སྐར་ཚོགས་ཇི་བཞིན་བཀྲ་བའི་དཔེ་མཛོད་ཁང་དང་། འདོད་མྱོས་ཆུ་ཚན་གྲོང་རྡལ། “ཡུལ་གྲོང་དང་ཉེའི་རི་མོའི་འགྲེམས་ཁྲོམ།” ཀོ་ཤའི་གྲོག་རོང་སོགས་རིག་གནས་ཡུལ་སྐོར་སྤུས་རྟགས་དང་ཐོན་ལས་སྣ་མང་སྤུས་དག་ཡོད་པས། འཛད་སྤྱོད་དབུལ་སྐྱོར་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།

མི་དམངས་དྲ་བའི་གསར་འགོད་པ། ལི་ཀྲའོ་མིན་གྱིས་པར་བླངས།

མི་དམངས་དྲ་བའི་གསར་འགོད་པ། ལི་ཀྲའོ་མིན་གྱིས་པར་བླངས།

མི་དམངས་དྲ་བའི་གསར་འགོད་པ། ལི་ཀྲའོ་མིན་གྱིས་པར་བླངས།

མི་དམངས་དྲ་བའི་གསར་འགོད་པ། ལི་ཀྲའོ་མིན་གྱིས་པར་བླངས། 

    ཤེས་རྟོགས་བྱུང་བར་གཞིགས་ན། མགྲོན་ཁང་དེ་སྔོན་དཔག་བྱས་ན་འདི་ལོའི་ཟླ་7ཚེས་15ཉིན་ཡས་མས་སུ་དངོས་སུ་ལས་གཉེར་བྱས་ནས་ནགས་ཚལ་ལྟ་སྐོར་དང་། སྤྲོ་གསེང་དང་གུང་གསེང་། ཞིམ་ཟས་མྱོང་རོལ་སོགས་གཞི་གཅིག་ཏུ་གྱུར་པའི་“ནགས་ཚུལ་གྱི་སྒོ་ར་བསྐོངས་པའི་མགྲོན་ཁང་”སྤུས་རྟགས་ཤིག་ཆགས་རྒྱུ་ཡིན་པ་རེད། སྔོན་དཔག་བྱས་ན། ཝེ་ཁྲང་མན་ཇུ་རིགས་དང་སོག་རིགས་རང་སྐྱོང་རྫོང་གི་རིག་གནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་120འཕར་སྣོན་ཡོང་རྒྱུ་དང་། ཉེ་འཁོར་གྱི་ཏའོ་པ་ཙི་ཞང་གི་ཁྲ་ཙི་ཧྲང་གྲོང་ཚོ་དང་ཧ་ལི་ཧ་གྲོང་རྡལ་གྱི་གྲོང་ཚོ་ཨང་83པའི་གྲོང་མི་100ལྷག་ཙམ་ལས་ཞུགས་ཀྱི་སྐུལ་ཁྲིད་ཐུབ་པ་དང་། ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་ཡོང་འབབ་སྒོར་ཁྲི་60ཟིན་ཏེ། “ཆུ་དྭངས་རི་གཙང་”ནི་“གསེར་རི་དང་དངུལ་རི་”ལས་ཀྱང་ལྷག་པར་བསྒྱུར་ཐུབ་རྒྱུ་རེད། (ཧྥུང་ཡ་ཐའོ་དང་། ལི་ཧའོ་དབྱང་། ལི་ཀྲའོ་མིན། ཀྲུའུ་ཡན་ཧྲེན། ཀྲུའུ་ལུང་ཁྲའོ། དབྱང་ཝུན་ཅོན།)