འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་9ཉིན།

༄༅།།རྒྱལ་ཁབ་ཁ་ཤས་ཀྱིས་རྒོལ་གཏོར་གནམ་གྲུ་-10པ་ཉོ་འདོད་བྱེད་པའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་09ཉིན། 13:45】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་8ཉིན་གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། རྒྱལ་ཁབ་ཁག་གཅིག་གིས་ཀྲུང་གོ་དང་རྒོལ་གཏོར་གནམ་གྲུ་-10པ་ཚུད་པའི་མཚོན་ཆ་ཉོ་སྒྲུབ་ཀྱི་འཆར་གཞིའི་སྐོར་གྲོས་མོལ་བྱས་པར། མགྲིན་ཚབ་པས་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཅང་པིན་གྱིས། དམག་དོན་ཐོན་རྫས་ཕྱིར་གཏོང་ཐད་ང་ཚོས་ཐོག་མཐའ་བར་གསུམ་དུ་གཟབ་ནན་དང་འགན་འཁུར་གྱི་རྣམ་འགྱུར་མཐའ་འཁྱོངས་བྱས་ཏེ། མཛའ་གྲོགས་རྒྱལ་ཁབ་དང་ཀྲུང་གོའི་སྒྲིག་ཆས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བཤད།