གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་09ཉིན། 13:44】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་7ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་དམག་དཔོན་ཏ་ཞའོ་ཅང་པིན་གྱིས་ཉེ་དུས་དམག་དོན་དང་འབྲེལ་བ་ཡོད་པའི་གནད་དོན་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།
གསར་འགོད་པ། ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཕྱི་རྒྱལ་གྱི་གྲུ་གཟིངས་འབོར་ཆེན་གྱིས་ཧོར་མུའུ་ཙི་མཚོ་འགག་ཏུ་སྐར་ལྔའི་དར་དམར་བཀལ་ནས་འཇབ་རྒོལ་ཕོག་པའི་དམིགས་འབེན་དུ་འགྱུར་བར་སྔོན་འགོག་བྱས་ཡོད། དབྱེ་ཞིབ་ལ་ལས་ཀྲུང་གོས་དོན་དངོས་བར་གནས་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད་པས། ཀྲུང་གོའི་གྲུ་གཟིངས་དབུས་ཤར་མཚོ་ཁོངས་བརྒྱུད་སྐབས། གཞི་ནས་བདེ་འཇགས་ལ་འགན་ལེན་ཧ་ཅང་ཆེན་པོ་ཐོབ་ཀྱི་ཡོད་ཅེས་ངོས་འཛིན་བྱེད་ཀྱི་ཡོད་པ་བཤད། མགྲིན་ཚབ་པར་དེའི་ཐད་དཔྱད་གཏམ་ཅི་ཞིག་ཡོད།
ཅང་པིན་གྱིས། དྲང་བདེན་མི་སེམས་ལ་ཡོད། ཀྲུང་གོ་ཕྱོགས་མུ་མཐུད་ཞི་བདེའི་ཕྱོགས་དང་དྲང་བདེན་གྱི་ཕྱོགས་སུ་ལངས་པ་དང་། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུར་བརྟན་བརླིང་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་ཤུགས་སྣོན་རྒྱུ།