འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་9ཉིན།

༄༅།།རབ་མཛེས་མཚོ་སྔོན་སྐོར་བའི་འགྲན་དུམ་དང་པོའི་ཨང་དང་པོ་སི་ཕེན་གྱི་ལུས་རྩལ་པ་ཞིག་ལ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་09ཉིན། 09:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་བཞི་པ་བྱེད་འགོ་ཚུགས་པར་རྐང་འཁོར་རུ་ཁག་22ཀྱི་ལུས་རྩལ་པ་ཞུགས་ཡོད་པ་རེད། དབྱི་ཐ་ལིའི་པོ་ཏི-འཚོལ་ཞིབ་མར་ཐཱ་རྐང་འཁོར་རུ་ཁག་གི་རྒྱལ་ཁོངས་སི་ཕེན་ཡིན་པའི་རྐང་འཁོར་ལུས་རྩལ་པ་ཕེ་ནཱ་ཝེར·མན་ནུའུ་ཨེར་ལ་ཨང་དང་པོ་ཐོབ་པ་དང་། ཧོན་ཧྲེང-VONOA-ཐའེ་ཧྲན་ལུས་རྩལ་གླིང་བར་རུ་ཁག་གི་ཀེ་ལུའོ་སུའུ་ཨའེ་ཏེ་ཧྭ·མའེ་ཁེར་ལ་འགྲན་དུམ་དེའི་ཨང་གཉིས་པ་ཐོབ་པ། ལི་ཉིང་ཀྲེ་ཤིང་རྐང་འཁོར་རུ་ཁག་གི་ཞེར་པི·ཡཱ་ལི་ཧྲན་ཏཱ་ལ་འགྲན་དུམ་དེའི་ཨང་གསུམ་པ་ཐོབ་པ་བཅས་རེད།