གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་08ཉིན། 13:47】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་7ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་རྒྱ་གར་དང་ཕ་ཁི་སི་ཐན་གྱི་དུས་བབ་སྐོར་ལ་དྲིས།
མའོ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་སྲོལ་རྒྱུན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། འགོག་སྲུང་བདེ་འཇགས་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་རྒྱུན་ལྡན་མཉམ་ལས་ཀྱི་ཆ་ཤས་ཤིག་ཡིན་པས་ཕྱོགས་གསུམ་པར་དམིགས་པ་མིན། རྒྱ་གར་དང་ཕ་ཁི་སི་ཐན་ནི་འབྲལ་ཐབས་མེད་པའི་ཁྱིམ་མཚེས་ཡིན་ལ་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡང་ཡིན། དུས་ཡུན་ངེས་ཅན་ཞིག་རིང་ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་དང་ཕ་ཁི་སི་ཐན་གྱི་དུས་བབ་འཕེལ་རྒྱས་ལ་དོ་ཁུར་དམ་ཟབ་བྱས་ཏེ། ཞི་བདེ་དང་གྲོས་མོལ་བྱེད་པར་སྐུལ་མ་ཧུར་ཐག་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ང་ཚོས་རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པར་བརྟེན། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ནས་རྩ་བའི་ཐག་གཅོད་བྱེད་ཐབས་འཚོལ་རྒྱུར་དགའ་བསུ་ཞུ་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་འདོད་ཡོད།
ཁྱེད་ཀྱིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་གླེང་སྐབས། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་ལེགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་མཚམས་སུ་གནས་ཡོད་པ་ངོ་མ་རེད། ང་ཚོས་རྒྱ་གར་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་གི་ལམ་བུའི་ཐོག་མུ་མཐུད་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།