འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་8ཉིན།

༄༅།།ཐེ་རོན་ཕུས་སྒོ་ཁྲལ་འདིའི་དུས་ཡུན་རིང་དུ་གཏོང་རྩིས་ཡོད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་08ཉིན། 13:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་7ཚེས་7ཉིན། ཨ་རིའི་རྒྱལ་ས་ཝ་ཧྲིན་ཐོན་དུ་ཕོ་བྲང་དཀར་པོའི་གསར་འགྱུར་མགྲིན་ཚབ་པ་ཁ་རོ་ལིན·ལའེ་ཝེ་ཐེ་གསར་འགོད་པའི་ཚོགས་འདུར་ཞུགས་པ་རེད།

    ཚེས་7ཉིན་གྱི་ཕྱི་དྲོར་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་མགྲིན་ཚབ་པ་ཁ་རོ་ལིན·ལའེ་ཝུའེ་ཐེས་གསར་འགོད་པའི་ཚོགས་འདུའི་ཐོག་ར་སྤྲོད་བྱས་དོན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་དེ“འདྲ་མཚུངས་སྒོ་ཁྲལ་”གྱི་ཉིན་90ཡི་གནས་སྐབས་ནར་འགྱངས་དུས་ཡུན་རིང་དུ་གཏོང་རྒྱུའི་འཆར་གཞི་ཡོད་དེ། ལག་བསྟར་དུས་ཚོད་ཟླ་7ཚེས་9ཉིན་ནས་ཟླ་8ཚེས་1ཉིན་བར་ཕྱིར་སྣུར་བྱ་རྒྱུ་ཡིན།