འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་8ཉིན།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་མཱ་ལི་ལན་ཀྲོའུ་གཞོན་ནུ་ལོ་ཆུང་གི་ཕི་ཁེ་སྤོ་ལོའི་རིག་གནས་སྤེལ་རེས་ཀྱི་ཀྲུང་གོར་
འཚམས་འདྲི་བྱེད་མཁན་ཚོགས་པའི་དགེ་སློབ་ལ་ལྗགས་ལན་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་08ཉིན། 13:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྱུང་འགྱུར་ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་ལྔ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་ལ་གདན་ཞུ་བྱ་རྒྱུའི་གྲོས་འགོ་ལྟར་ཀྲུང་གོར་སླེབས་པའི་ཨ་རིའི་མཱ་ལི་ལན་ཀྲོའུ་མོང་ཀོ་མཱ་ལི་ཅུན་གཞོན་ནུ་ལོ་ཆུང་གི་ཕི་ཁེ་སྤོ་ལོའི་རིག་གནས་སྤེལ་རེས་ཀྱི་ཀྲུང་གོར་འཚམས་འདྲི་བྱེད་མཁན་ཚོགས་པའི་དགེ་སློབ་ལ་ལྗགས་ལན་གནང་བ་རེད།

    ཞི་ཅིན་ཕིང་གིས། ཁྱེད་ཚོ་ཀྲུང་གོར་འཚམས་འདྲི་བདེ་བླག་བྱུང་བར་རྟེན་འབྲེལ་ཞུ། ཕི་ཁེ་སྤོ་ལོའི་ལུས་སྦྱོང་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་ཀྱི་འབྲེལ་ཐག་གསར་པ་ལྟ་བུར་གྱུར་པ་མཐོང་དུས་ཧ་ཅང་དགའ་པོ་བྱུང་། ཀྲུང་ཨ་འབྲེལ་བའི་འབྱུང་འགྱུར་གཞོན་ནུར་ཐུག་ཡོད། ཁྱེད་ཚོས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དུས་རབས་གསར་པའི་ཕོ་ཉ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

     དེ་གོང་ཨ་རིའི་མཱ་ལི་ལན་ཀྲོའུ་མོང་ཀོ་མཱ་ལི་ཅུན་གཞོན་ནུ་ལོ་ཆུང་གི་ཕི་ཁེ་སྤོ་ལོའི་རིག་གནས་སྤེལ་རེས་ཀྱི་ཀྲུང་གོར་འཚམས་འདྲི་བྱེད་མཁན་ཚོགས་པའི་དགེ་སློབ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ལོ་ལྔའི་ཁྲི་ལྔའི”གྲོས་འགོར་ཐུགས་རྗེ་ཆེ་ཞུས་པ་དང་། འདི་ལོའི་ཟླ་བཞི་པར་ཀྲུང་གོར་འཚམས་འདྲི་བྱས་པ་མ་ཟད། ཕི་ཁེ་སྤོ་ལོའི་སྤེལ་རེས་བྱས་པའི་ཉམས་མྱོང་ངོ་སྤྲོད་བྱས་པ་དང་། ད་ཐེངས་ཀྲུང་གོའི་གཞོན་ནུ་ལོ་ཆུང་གྲོགས་པོ་ཚོ་དང་བརྗེད་པར་དཀའ་བའི་མཛའ་གྲོགས་འབྲེལ་བ་ཆགས་སོང་། ཀྲུང་གོའི་གཞོན་ནུ་ལོ་ཆུང་ཨ་རིར་འཚམས་འདྲིར་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།