གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་08ཉིན། 13:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་བསྡོམས་རྩིས་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་འཁོར་སྐྱོད་བྱས་ཚུལ་ཡག་པོ་ཡོད་པ་དང་། ཡོང་འབབ་དང་ཁེ་སྤོགས་གཉིས་ཀ་གྲངས་གནས་གཉིས་འཕར་ཡོད།
གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་ལྔ་པའི་བར། མཉེན་ཆས་ལས་སྒོའི་ཡོང་འབབ་བརྟན་པོའི་ངང་འཕར་ནས་སྒོར་དུང་ཕྱུར་55788ཟིན་ཏེ་དུས་མཚུངས་ལས་11.2%འཕར་ཡོད་པ་དང་། མཉེན་ཆས་ལས་སྒོའི་ཁེ་སྤོགས་བསྡོམས་འབོར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་12.8%ཟིན་པ། མཉེན་ཆས་ལས་སྒོ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་227.1ཟིན་ནས་དུས་མཚུངས་ལས་3.3%འཕར་ཡོད།
ཁྱབ་ཁོངས་དབྱེ་བའི་འཁོར་སྐྱོད་བྱས་ཚུལ་ལས་མངོན་པར། མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་ནས་ལས་རིགས་ཡོངས་ཀྱི་ཡོང་འབབ་ཀྱི་22.4%བཟུང་བའི་ནང་རྨང་གཞིའི་མཉེན་ཆས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་704ཟིན་པ་དེ་དུས་མཚུངས་ལས་10%འཕར་ཡོད། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་སྟེ། ཟླ་བ་དང་པོ་ནས་ལྔ་པའི་བར། ཡོང་འབབ་སྒོར་དུང་ཕྱུར་38096བྱུང་བ་དེས་ལས་རིགས་ཡོངས་ཀྱི་ཡོང་འབབ་ཀྱི་བཅུ་ཆ་བདུན་ཙམ་ཟིན་ཡོད།