གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་07ཉིན། 14:31】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གཙོད་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་རིམ་དང་པོའི་སྲོག་ཆགས་ཤིག་ཡིན་པ་དང་། ལོ་རེའི་ཟླ་5པ་ནས་ཟླ་7པའི་བར། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་གྱི་ཆུ་འགོ་དང་། བོད་ལྗོངས་ཀྱི་བྱང་ཐང་། ཞིན་ཅང་གི་ཨར་ཅིན་ཧྲན་རི་བོ་བཅས་ནས་ཡོང་བའི་གཙོད་མོ་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོ་རུ་གཙོད་ཕྲུག་བཙའ་བར་ཡོང་བ་དང་། གཙོད་ཕྲུག་བཙས་རྗེས་གཙོད་ཕྲུག་འཁྲིད་དེ་སྔའི་འཚོ་གནས་ཁུལ་དུ་ཕྱིར་ལོག་གི་ཡོད། གནས་གཙང་མ་དེ་དང་དེའི་སྲོག་ཆགས་སྲུང་སྐྱོང་བྱེད་ཆེད། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་ནས་བཟུང་། བསྟུད་མར་སྲུང་སྐྱོབ་ས་ཚིགས་6བཙུགས་པ་དང་། ལས་དོན་མི་སྣ་ཁག་བགོས་ནས་ས་ཚིགས་སུ་བཅའ་སྡོད་བྱས་པ་ཕུད། དུས་བཀག་མིན་པར་དབུས་ཁུལ་དུ་སྐོར་སྲུང་ཡང་བྱེད་ཀྱིན་ཡོད།