གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་07ཉིན། 14:30】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་6ཉིན། གསར་འགོད་པར་རྒྱལ་ཁབ་ཡིག་ཚགས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཡིག་ཚགས་འདྲི་རྩད་བེད་སྤྱོད་ཞབས་ཞུ་སྟེགས་བུའི་སྒུལ་བདེའི་སྣེ་མོ་APPཉིན་དེར་དངོས་སུ་དྲ་ཐོག་ཏུ་ཞུགས་པ་འདིའི་ཐོག་ནས་རྒྱལ་ཡོངས་ཀྱི་ཡིག་ཚགས་འདྲི་རྩད་བེད་སྤྱོད་ཞབས་ཞུའི་ལས་དོན་སྒུལ་བདེའི་སྦྲེལ་མཐུད་དུས་མཚམས་གསར་པའི་ཕྱོགས་སུ་བསྐྱོད་ཡོད་པ་མཚོན་པ་དང་། སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཕན་ནུས་ཆེ་ཞིང་སྟབས་བདེའི་ཡིག་ཚགས་ཞིབ་བཤེར་གྱི་ཉམས་ལེན་ཐུབ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱོད་མཁན་གྱིས་ལག་ཐོགས་ཁ་པར་བརྒྱུད། སྒུལ་བདེའི་སྣེ་མོའི་APPཐོག་མིང་ངོ་མ་ཐོ་འགོད་བྱས་ནས་ཐོ་འགོད་བྱས་རྗེས་སྟབས་བདེའི་ཡིག་ཚགས་ཞིབ་བཤེར་གྱི་ཉམས་ལེན་གསར་པ་བྱེད་ཐུབ། སྤྱོད་མཁན་གྱིས་ཡིག་ཚགས་ཞིབ་བཤེར་གྱི་དགོས་མཁོ་གང་ཡོད་བྲིས་ཆོག་པ་དང་དམིགས་ཚད་ཀྱི་ཡིག་ཚགས་ཁང་འདེམས་ཆོག ཡིག་ཚགས་ཞིབ་བཤེར་གྱི་ཞུ་བ་དེ་དམིགས་ཚད་ཡིག་ཚགས་ཁང་གིས་བསྡུ་ལེན་བྱས་ནས་ཐག་གཅོད་བྱས་རྗེས། སྒུལ་བདེའི་སྣེ་མོའི་APPབརྒྱུད་ཡིག་ཚགས་ཞིབ་བཤེར་བྱས་འབྲས་དུས་ཐོག་ཏུ་ཕྱིར་ལན་སྤྲོད་དགོས། སྤྱོད་མཁན་གྱིས་རང་ཉིད་ཀྱི་དགོས་མཁོར་གཞིགས་ནས། གློག་རྡུལ་སྦྲག་ཡིག་བསྡུ་ལེན་དང་། མྱུར་སྐྱེལ་སྦྲག་སྐུར། ཐག་ཉེའི་ཡིག་ཚགས་ཁང་རང་དུ་ལེན་པར་འགྲོ་བ་སོགས་ཀྱི་བྱ་ཐབས་བདམས་ནས་ཡིག་ཚགས་ཞིབ་བཤེར་བྱས་འབྲས་ཐོབ་ཐབས་བྱས་ཆོག
ད་ལྟའི་བར་དུ། རྒྱལ་ཡོངས་ཀྱི་ཡིག་ཚགས་འདྲི་རྩད་བེད་སྤྱོད་ཞབས་ཞུའི་སྟེགས་བུ་རིམ་པར་རྩིས་ན་ཡིག་ཚགས་ཁང་2300ལྷག་ཙམ་ལ་སྦྲེལ་ཡོད་པ་དང་། ཐོ་འགོད་སྤྱོད་མཁན་ཁྲི་23ལས་བརྒལ་ཡོད་པ་རེད། རྒྱལ་ཁབ་ཡིག་ཚགས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྒུལ་བདེའི་སྣེ་མོ་APPདེ་སྒུལ་བདེའི་སྣེ་མོའི་ནུས་པར་སྦྲེལ་མཐུད་རྒྱུན་མཐུད་ལེགས་སུ་བཏང་བ་དང་། ཡིག་ཚགས་ཁང་རིམ་པ་ཁག་དང་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཡིག་ཚགས་ཞབས་ཞུའི་སྤུས་ཚད་སྔར་བས་ལེགས་སུ་བཏང་བ་དང་། ཞབས་ཞུའི་ཐབས་ལམ་རྒྱ་སྐྱེད་དེ། ཡིག་ཚགས་ཞབས་ཞུས་རྒྱ་ཆེའི་དམངས་ཚོགས་ལ་ཕན་པར་བྱ་རྒྱུ་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།