འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་7ཉིན།

༄༅།།འགོ་ཁྲིད་འདི་ཚོ་འཛིན་རྒྱུའི་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་07ཉིན། 14:30】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཨན་ཧུའེ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཉིའུ་ནུའུ་ཐའོ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད།

     ཨན་ཧུའེ་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟུར་པ་ཉིའུ་ནུའུ་ཐའོ་(ཐིང་ཀྲང་རིམ་པ་)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཨན་ཧུའེ་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲོད་བྱས་པ་རེད། ལྐོག་རྔན་བླངས་པའི་ཉེས་བསགས་ཀྱི་དོགས་པ་ཡོད་པའི་ཐོག་ནས། ཉིན་ཤས་གོང་། ཨན་ཧུའེ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཉིའུ་ནུའུ་ཐའོ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད།

ཅང་ཞིའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚའོ་ཞུང་ཐའེ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད།

    ཅང་ཞི་ཞིང་ཆེན་ཅིང་ཏེ་ཀྲེན་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་ཟུར་པ་ཚའོ་ཞུང་ཐའེ་(ཐིང་ཀྲང་རིམ་པ་)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཅང་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་པ་རེད། ཅང་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྐྱོང་གཏན་འཁེལ་བྱས་རྗེས། ཧྲང་རའོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ཞུ་གཏུག་བྱས། ལྐོག་རྔན་བླངས་པའི་ཉེས་བསགས་ཀྱི་དོགས་པ་ཡོད་པའི་ཐོག་ནས། ཉིན་ཤས་གོང་། ཧྲང་རའོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཚའོ་ཞུང་ཐའ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད།

ཨན་ཧུའེ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཏུའུ་ཕིང་ཐའེ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད།

     ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ཏུའུ་ཕིང་ཐའེ་(ཐིང་རིམ་གཞོན་པ་)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཨན་ཧུའེ་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་པ་རེད། ལྐོག་རྔན་བླངས་པའི་ཉེས་བསགས་ཀྱི་དོགས་གཞི་ཡོད་པའི་ཐོག་ནས། ཉིན་ཤས་གོང་། ཨན་ཧུའེ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཏུའུ་ཕིང་ཐའེ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད།

ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེན་ཏ་ཞུང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད།

    ཧུའུ་ནན་མཁའ་འགྲུལ་ལག་རྩལ་པའི་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ་ཟུར་པ་ཁྲེན་ཏ་ཞུང་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཧུའུ་ནན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་པ་རེད། ལྐོག་རྔན་བླངས་པའི་ཉེས་བསགས་ཀྱི་དོགས་གཞི་ཡོད་པའི་ཐོག་ནས། ཉིན་ཤས་གོང་། ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེན་ཏ་ཞུང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད།