འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་4ཉིན།

༄༅།།རྩ་བ་དེ་ངེས་པར་དུ་དམ་པོར་འཛིན་དགོས།

ཀུའེ་ཚུང་ལུའུ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་04ཉིན། 10:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   “རང་རེའི་ཏང་གིས་ཕྲག་ཐོག་ཏུ་འཁུར་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། སྲིད་འཛིན་ཁོར་ཡུག་ཧ་ཅང་རྙོག་འཛིང་ཆེ་བས། རང་ངོས་གསར་བརྗེའི་རྩ་བ་དེ་ངེས་པར་དུ་སྔར་བས་དམ་པོར་འཛིན་དགོས”

    “བདུན་གཅིག”གི་སྔ་སྣུར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཅིག་པ་གཙོ་སྐྱོང་གནང་སྟེ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་བཀོད་སྒྲིག་གལ་ཆེན་གནང་བས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་མངོན་ཡོད།

     དུས་རབས་གཅིག་ལྷག་ཙམ་གྱི་དྲག་ཆར་རླུང་འཚུབ་བརྒྱུད། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་ངོ་མཚར་བྱས་རྗེས་བཏོད་ཡོད། དམངས་སེམས་ཐོབ་པ་དང་རང་འགུལ་ཐོབ་དོན་གཙོ་བོ་ནི་རང་རེའི་ཏང་གིས་རང་ངོས་གསར་བརྗེ་མཐའ་འཁྱོངས་དང་གྲི་དངོ་རང་གཏད་ཀྱི་བློ་སྟོབས་དེར་བརྟེན་པས་རེད།

     ཏང་ལ་འཕྲད་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་བཞི”ཡུན་རིང་གནས་ཤིང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི“གོམ་སྟབས་གཅིག་ཀྱང་མཚམས་འཇོག་མི་བྱེད་པ”ནས་ལྟ་སྐུལ་སྒྲིག་བསྟར་གྱི“མཐའ་གཅིག་ཏུ་ནན་པོ་དང་ཐར་པར་གཏན་ནས་མི་གཏོང་བའི”བར། ཏང་སྔར་བས་སྲ་བརྟན་དང་སྟོབས་ཤུགས་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དོན་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་དུ་འགྱུར་ཆེད་རེད།

     ཏང་གི་འཁྲུངས་སྐར་ནི་འབད་འཐབ་ཀྱི་ལོ་རྒྱུས་བསྐྱར་དྲན་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་འཆང་བའི་གོ་སྐབས་ཤིག་རེད། རང་ངོས་གསར་བརྗེའི་རྩ་བ་དེ་དམ་པོར་འཛིན་ནས་མཚམས་མེད་རྒྱུན་སྒྲུབ་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་ཚེ་རང་རེའི་ལོ་བརྒྱའི་ཏང་ཆེན་པོ་འདི་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སླེབས་ཐུབ་ངེས་རེད།