ཟོག་འདྲེན་བྱེད་ཚད་སོགས་འགྲིམ་འགྲུལ་གྱི་དམིགས་ཚད་གཙོ་བོ་ མུ་མཐུད་མཐོ་རུ་འགྲོ་བའི་རྣམ་པ་མངོན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་04ཉིན། 10:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་བ་5པར་ཟོག་འདྲེན་བྱེད་ཚད་དང་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་སོགས་ཀྱི་དམིགས་ཚད་གཙོ་བོ་མུ་མཐུད་འཕར་བའི་རྣམ་པ་མངོན་ཞིང་། “ལྔ་གཅིག”དང་ལྔ་པའི་ཚེས་ལྔའི་དུས་ཆེན་ལ་ཕྱིར་སྐྱོད་མཁན་མང་དུ་སོང་ནས་མི་སྣ་འགྲུལ་བཞུད་བྱེད་ཚད་ཅུང་འཕར་མགྱོགས་པོ་དང་འགྲིམ་འགྲུལ་མ་འཇོག་གི་གཞི་ཁྱོན་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།
ཚོང་གཉེར་རང་བཞིན་གྱི་ཟོག་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར་ཚོང་གཉེར་རང་བཞིན་གྱི་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར་230.8ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་4.1%འཕར་ཞིང་། དེའི་ནང་གཞུང་ལམ་དུ་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར་169.2ཟིན་པ་དེ་དུས་མཚུངས་ལས་4.3%འཕར་བ་དང་། ཆུ་ལམ་དུ་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར་40.4ཟིན་པ་དེ་དུས་མཚུངས་ལས་4.5%འཕར་ཡོད།
གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་རྒྱུན་མཐུད་ངང་འཕར་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་73.4ཟིན་པ་དེ་དུས་མཚུངས་ལས་3.8%འཕར་ཞིང་། དེའི་ཁྲོད་ནང་ཁུལ་དང་ཕྱི་ཕྱོགས་ཀྱི་དངོས་ཟོག་འདོན་འཇུག་བྱེད་ཚད་དུས་མཚུངས་ལས་4.7%དང་1.8%སོ་སོར་འཕར་བ་དང་། དོས་སྒམ་འདོན་འཇུག་བྱེད་ཚད་དུང་ཕྱུར་1.4ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་7.4%འཕར་བ། ཟླ་ལྔ་པ་ཁོ་ནར་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་16ཟིན་པ་དེ་དུས་མཚུངས་ལས་4.4%འཕར་ཡོད།
མི་སྣ་འགྲོ་སྐྱོད་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར་ས་ཁོངས་ལས་བརྒལ་ནས་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་286.4ཟིན་པ་དེ་དུས་མཚུངས་ལས་4.7%འཕར་ཞིང་། དེའི་ནང་གཞུང་ལམ་བརྒྱུད་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་263.6ཟིན་པ་དེ་དུས་མཚུངས་ལས་4.5%འཕར་ཡོད། ཟླ་བ་ལྔ་པ་ཁོ་ནར་ས་ཁོངས་ལས་བརྒལ་ནས་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་59ཟིན་པ་དེ་དུས་མཚུངས་ལས་8%འཕར་ཡོད།
འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་ཚད་གཞི་མཐོ་པོས་འཁོར་རྒྱུག་ཐུབ་ཅིང་། ཟླ་6ཚེས་28ཉིན་བར་རིམ་རྩིས་བརྒྱབ་ན་བདེ་ལམ་དང་མིས་བཟོས་ཆུ་ལམ་བཟོ་རིང་ས་རྡོ་རྒྱ་དཔངས་གྲུ་བཞི་མ་སྔོག་འདོན་བྱེད་ཚད་སྨི་ངོས་གྲུ་དུང་ཕྱུར་2.87ཟིན་པ་དེས་སྔོག་འདོན་བསྡོམས་འབོར་གྱི་90%ཡན་ཟིན་པ་དང་། མིག་སྔར་པེ་ཅིང་གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་ས་ཚིགས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་རྣམ་གྲངས་ཀྱི་གྲུབ་ཆ་གཙོ་བོ་90%ལྷག་ཙམ་ལེགས་གྲུབ་ཟིན་ཞིང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་ཆ་རྐྱེན་འཛོམས་པ་ལ་སོགས། འགྲིམ་འགྲུལ་གྱི་གཙོ་གནད་ལས་གྲྭ་ཁག་གཅིག་གི་སྐུལ་ཁྲིད་འོག ཟླ་བ་དང་པོ་ནས་ལྔ་པའི་བར་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་1.2ཟིན་པ་དང་དེའི་ནང་གཞུང་ལམ་དང་ཆུ་ལམ་ལ་མ་འཇོག་སྒོར་དུང་ཕྱུར་8607དང་སྒོར་དུང་ཕྱུར་870སོ་སོར་བྱས་ཡོད།